choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བླ་རུང་སྒར་རུ་ཡུལ་སྐོར་བ་༡༠༠༠ལས་བརྒལ་མི་མཆོག་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༢༦ཉིན་སྤེལ། གསེར་རྟ་བླ་རུང་སྒར་ལ་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ཚད་བཀག་བྱས་པའི་བརྡ་ཁྱབ་ཡིག་ཆ་ཞིག་ས་གནས་ལས་ཁུངས་ཀྱིས་ཐམ་ཀ་དང་བཅས་བཀྲམས་འདུག

Tibte-Document-2017འདི་ག་གསར་ཁང་གིས་གནས་ཚུལ་དེའི་སྐོར་ལ་རྒྱུས་ལོན་བྱས་པ་ལྟར་ན། གསེར་རྟ་རྫོང་རིག་གནས་ཡུལ་སྐོར་དང་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ནས་བརྡ་ཁྱབ་ཞིག་བཏང་བ་ལས། འདི་ཟླའི་ཕྱི་ཚེས་༢༦ནས་བཟུང་ཟླ་བ་ ༥ ཚེས་ ༡༥ བར་ལྔ་རིག་ནང་བསྟན་སློབ་གླིང་དུ་ཉིན་རེར་ཡུལ་སྐོར་བའི་མི་གྲངས་༡༠༠༠ལས་བརྒལ་མི་ཆོག་པ་གཏན་འབེབས་བྱས་ཏེ་གཞུང་འབྲེལ་ཡིག་ཆ་ཞིག་བཀྲམས་པའི་གནས་ཚུལ་ལག་སོན་བྱུང་སོང་།

དེ་ཡང་ཡིག་ཆའི་ནང་དོན་མདོར་བསྡུས་ན། འདི་ཟླའི་ཕྱི་ཚེས་༢༦ནས་འཆར་ཟླའི་ཚེས་༡༥བར་དུ། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཡུལ་སྐོར་སྤྲོ་འཆམ་གྱི་གཞུང་ལམ་དང་མེ་སྐྱོན་འགོག་བྱེད་ཀྱི་ལམ་ཁ་སོགས་འཛུགས་བསྐྲུན་བྱེད་དགོས་པའི་རྣམ་གྲངས་ཤིག་གཏན་འཁེལ་བྱས་ཤིང་། ཡུལ་སྐོར་སྤྲོ་འཆམ་པ་༡༠༠༠ལས་བརྒལ་མི་མཆོག་པའི་བཀའ་རྒྱ་བཏང་འདུག

Tibet-Laranggar-2017དེ་ཡང་འབྲེལ་ཡོད་ཅིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་དོན། ཁོང་གིས་བརྗོད་དོན། "བླ་རུང་སྒར་དུ་ཡུལ་སྐོར་སྤྲོ་འཆམ་གྱི་གཞུང་ལམ་དང་མེ་སྐྱོན་འགོག་པའི་ལམ་ཁ་འཛུགས་བསྐྲུན་བྱེད་པར་ཁ་གཡར་སྟེ་ཡུལ་སྐོར་སྤྲོ་འཆམ་པར་ཚོད་འཛིན་བྱེད་ཀྱི་འདུག"ཅེས་དང་།

གཞན་ཡང་། ཁོང་གིས་ཉེ་འཆར་བྱུང་བའི་བརྙན་ཐུང་ཞིག་དང་འབྲེལ་ནས་བརྗོད་དོན། "ཉིན་གཉིས་རྗེས་ནས་ཁྱོད་ཚོས་ལྟད་མོར་བལྟས་ཤིག  ད་ལྟ་ཁྱོད་ཚོ་དགོད་ཀྱི་ཡོང་གི་འདུག་མོད། མཐའ་མར་ཁྱོད་ཚོར་ངུ་རྒྱུ་ཞིག་ཡོང་ང་།"ཞེས་དཔོན་པོ་ཞིག་གིས་བརྗོད་འདུག་པར་འགྲེལ་བཤད་བསྐྱོན་སོང་།

དེ་མིན། ཁོང་གི་གྲོགས་པོ་ཞིག་གིས་གཏུག་བཤེར་དོན་ཚན་ལྔ་ཅན་གྱི་བསམ་ཚུལ་ཞིག་བྲིས་པའི་སྐོར་ནས་བརྗོད་དོན།"འདི་ནི་བདེན་པ་རེད་མོད། ཁྲིམས་ལྟར་ཁྲིམས་གཏུགས་བྱེད་པའི་རང་དབང་ཡོད་ས་ཞིག་ཡིན་ན། ང་ཚོས་ཁྲིམས་ལྟར་གཏུག་བཤེར་བྱས་མཆོག་མོད། རྒྱུ་མཚན་བཤད་ས་ཡོད་ནི་མ་རེད། ཞིས་ཅིན་ཕིང་གི་བཀའ་བཏང་བ་ལ་ངོ་རྒོལ་བྱས་དུས་ཕྱིར་མགོར་ལོག་ཡོང་གི་རེད།"ཅེས་འགྲེལ་བརྗོད་གནང་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།