དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལྷ་སར་རྙེད་པའི་རྡོ་སེང་གེ་ཞིག་རྒྱ་ནག་གི་ལོ་རྒྱུས་ལ་མཐུད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༢༡ཉིན་སྤེལ། རྒྱ་ནག་གི་གསར་འགྱུར་ནང་དུ། ལྷ་ས་ནས་རྡོ་སེང་གེ་ཚོན་ལྡན་ཞིག་རྙེད་པ་ནི་རྒྱ་ནག་གི་ཨམ་བན་སྒོར་གྱི་ལོ་རྒྱུས་སུ་འབྲེལ་བ་ཡོད་པར་འཁོད་འདུག

W020170419562308612999འདི་ག་གསར་ཁང་གིས་གནས་ཚུལ་ལོན་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་རྡོ་སེང་གེ་ལམ་༼ཁ་རྒྱུན་དུ་རྡོ་སེང་གེ་ཡ་མོན།༽གྱི་སྒོ་ཨང་༡པའི་མཁྲིས་སུ་ཡོད་པའི་བོད་དམག་ཁུལ་ཁང་མགྲོན་ཁང་གཉིས་པའི་རྒྱལ་སྲུང་གསོ་སྦྱོང་རྟེན་འཛུགས་སྐྲུན་བྱེད་པའི་ས་གནས་དེར་ཚོན་རིས་ཅན་གྱི་རྡོ་སེང་ཞིག་རྙེད་སོན་བྱུང་ཡོད་པ་དང་།  དེ་ནི་རྡོ་སེང་གེ་རྙེད་ཡུལ་དང་རྡོ་སེང་གེ་ཡ་མོན་གྱི་པར་རྙིང་པ་བསྡུར་ཚེ། ས་འོག་ནས་རྙེད་པའི་རྡོ་སེང་གེ་དེ་ཡ་མོན་གྱི་གནའ་ཤུལ་དེ་རང་ཡིན་པར་ཐག་གཅད་པའི་གནས་ཚུལ་འདུག

W020170419562308903907གཞན་ཡང་གྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འཁོད་པ་ལྟར་ན། འདི་ཟླའི་ཚེས་༡༧ཉིན་གྱི་ཕྱི་དྲོར། ཚོན་རིས་ལྡན་པའི་རྡོ་སེང་གེ་ཞིག་རྙེད་ཡོད་པ་དང་།
དེ་ནི་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གནས་ཡུལ་པ་དང་། སྐབས་དེ་དུས་ཀྱི་ཡ་མོན་སྒོ་འགྲམ་གཡས་གཡོན་དུ་བཙུགས་པའི་རྡོ་སེང་གེ་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད། ཅེས་དང་།

ད་དུང་འཁོད་དོན། རྡོ་སེང་གེ་རྙེད་ཡུལ་དང་རྡོ་སེང་གེ་ཡ་མོན་གྱི་པར་རྙིང་པ་བསྡུར་ཚེ། ས་འོག་ནས་རྙེད་པའི་རྡོ་སེང་གེ་དེ་ཡ་མོན་གྱི་གནའ་ཤུལ་དེ་རང་ཡིན་པ་རྟོགས་ཐུབ། ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་བརྒྱུད། མཐོ་ཚད་ལ་ལི་སྨི་༡༦༩། ཞབས་སྟེགས་ཀྱི་ཞེང་ཚད་ལ་ལི་སྨི་༡༠༤།༤ཡོད་པའི་རྡོ་སེང་གེ་དེར་གོད་ཆག་ཆེན་པོ་བྱུང་མེད་པར་ངོས་རིས་སྔར་བཞིན་ཁ་གསལ་བ་དང་ཚོན་རིས་ཀྱང་ལམ་ཙམ་མཐོང་རྒྱུ་ཡོད། ཅེས་འཁོད་འདུག་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།