choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

གྲྭ་བློ་བཟང་རྒྱ་མཚོ་ལགས་གློད་གྲོལ་ཐོབ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༢༠ཉིན་སྤེལ། བོད་མདོ་སྨད་རྔ་བ་ནང་དུ་ཞི་རྒོལ་གནང་མཁན་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་གྲོལ་ཐོབ་འདུག

དེ་ཡང་འདི་གའི་གསར་ཁང་གིས་གནས་ཚུལ་ལོན་པ་ལྟར་ན། ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༧ ཉིན། རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་རྔ་པ་ཀིརྟི་དགོན་པའི་གྲྭ་གཉིས་ལ་ཁྲིམས་ཐག་གཅད་པ་དང་། དེ་གཉིས་ཀྱི་གཅིག་ནི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཡིན་ཞིང་ལོ་གསུམ་གྱི་ཁྲིམས་ཆད་དུས་ཡུན་ལོན་ནས་ཕྱིར་རང་དགོན་དུ་འབྱོར་བའི་གནས་ཚུལ་རག་སོང་།

གཞན་ཡང་། འདི་ཟླའི་ཕྱི་ཚེས་༡༩ཉིན། རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་བཙོན་གྲོལ་ཐོབ་སྟེ་དགོན་དུ་འབྱོར་ཡོད་པ་དང་།
རྒྱལ་གཅེས་པ་ཁོང་ནི་ད་ལྟ་རང་ལོ་ ༢༣ ཡིན་ཞིང་། རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཕ་བྷེ་ཚེ་དང་མ་ཞིས་ཆུང་ལགས་གཉིས་ཀྱི་བུ་ཡིན་འདུག
ཁོང་ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་ཞུགས་གནང་ནས་སྔོན་འགྲོའི་འཛིན་གྲྭ་དགུ་པ་དང་། ཁོང་གིས་དེ་སྔོན་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢ ཉིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་ནས་ཕྱག་ཏུ་ཁོང་རང་ཉིད་ཀྱིས་བྲིས་པའི་བོད་ཀྱི་རྒྱལ་དར་ཞིག་བཟུང་ཞོར་བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་ཞི་འབོད་ཀྱི་ངོ་རྒོལ་རྔམ་སྟོན་གནང་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།