choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༡༨ཉིན་སྤེལ། བོད་མི་ཞིག་གིས་རྒྱ་གཞུང་ལ་ཞི་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་གནང་ནས་སྐར་མ་༢མ་འགོར་བར་ས་གནས་ཉེན་རྟོགས་པས་བཙན་འཁྲིད་བྱས་ཤིང་། ད་ལྟའི་ཆར་རྒྱལ་གཅེས་པ་ཁོང་ཤི་གསོན་གྱི་གནས་ཚུལ་གང་ཡང་རག་ཐུབ་ཀྱི་མི་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་དཀར་མཛེས་རྫོང་ཐོག་ནས་སྐུ་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་འདུག

འདི་ག་གསར་ཁང་གིས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། རང་ལུས་མེར་བསྲེགས་གནང་མཁན་གྱི་མཚན་ལ་དབང་ཕྱུག་ཚེ་བརྟན་དང་ལོ་༣༠ཙམ་ཡིན་པའི་མི་སྐྱ་ཕོ་ཞིག་ཡིན་པ་དང་། རྒྱལ་གཅེས་པ་ཁོང་ནི་བོད་ཁམས་ཉག་རོང་བཞི་མདོ་ཡུལ་འཚོ་ཨ་བསེ་སྡེ་བའི་མི་སྐྱ་ཞིག་ཡིན་པ་དང་། མེར་བསྲེགས་གནང་ཡུལ་ནི་དཀར་མཛེས་རྫོང་ཡིན་པ་བཅས་ཀྱི་གནས་ཚུལ་ལག་སོན་བྱུང་སོང་།

དེ་ཡང་ཕ་ཡུལ་ཁམས་ཉག་རོང་ནས་ཡིན་པའི་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པར། ཁོང་གིས་བརྗོད་དོན། "ངའི་ཕ་ཡུལ་ཉག་རོང་སྣང་ར་ཨ་བསེ་ཡི་མི་སྐྱ་ཕོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེ་དངོས་ནས་རེད། མིང་ལ་དབང་ཕྱུག་ཚེ་བརྟན་ཟེར།"ཞེས་འགྲེལ་བརྗོད་གནང་སོང་།

གཞན་ཡང་།  ཕ་ཡུལ་དཀར་མཛེས་ནས་ཡིན་པའི་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་འདིའི་སྐོར་མཁོ་སྤྲོད་གནང་བར། ཁོང་གིས་བརྗོད་དོན། "ཁ་ཤས་ཀྱིས་བཤད་ན། རང་ལུས་མེར་བསྲེགས་གཏོང་མཁན་དེ་ཁ་སང་སྔོན་མའི་དེ་རེད་ཟེར། ཡང་ཁ་ཤས་ཀྱིས་གསར་བ་རེད་ཟེར། ངས་ཕ་ཡུལ་ལ་སྐད་ཆ་ཞིག་དྲིས་མོད། ཡིན་ནའང་འདྲི་བདེ་བོ་མི་འདུག་ལ། ཁོ་ཚོས་ལན་རྒྱག་ཡ་ཡང་བདེ་བོ་མི་འདུག དེ་འདྲ་ཡིན་ཙང་། ངས་སྣང་མེད་འདྲ་བོའི་སྒོ་ནས་སྐད་ཆ་ཞིག་དྲིས་པ་ཡིན། 'ཁོས་ཚོ་དཀར་མཛེས་ལ་ཡང་བསྐྱར་ཟིང་ཆ་ལང་བར་ལབ་སོང་།' ངས་གྲྭ་གྲོང་སུ་ཡིན་པ་དྲིས་དུས། 'ཉག་རོང་གཞི་མདོ་ཨ་བསེ་ནས་རེད། མི་སྐྱ་ཞིག་ཡིན་ཞིང་ལོ་༣༠ རེད་ཟེར།'  འབྲེལ་བ་བྱེད་ཡུལ་དེ་ཚོགས་འདུ་ཞིག་ལ་སོང་སྟེ་གྲོལ་བའི་སྐབས་ཡིན་པས་སྟབས་མི་བདེ་བའི་ཐོག སང་ཉིན་སྐད་ཆ་བཤད་ཡོང་ལབ་སྟེ་འབྲེལ་བ་བྱེད་པ་མཚམས་བཞག་ཡིན། གནས་ཚུལ་གཞན་པ་ཞིག་ནས་བཤད་ཚུལ་ལ་ད་ཁོང་སྐུ་གྲོངས་མེད་པ་འདྲ་ལབ་སོང་། སྐར་མ་༢ཀྱི་རིང་ཙམ་མ་གཏོགས་མེ་འབར་སྐབས་མ་བྱུང་བར། ཉེན་རྟོགས་པ་སླེབས་སྟེ་མེ་བསད་ནས་ཁྱེར་འགྲོ་སོང་། གྲོངས་ཡོད་མེད་ཀྱི་གནས་ཚུལ་གསལ་བོ་ཤེས་མ་སོང་།" ཞེས་གནས་ཚུལ་མཁོ་སྤྲོད་གནང་སོང་།

གང་ལྟར་འདི་ག་གསར་ཁང་གིས་གནས་ཚུལ་ཤེས་པ་ལྟར་ན། རང་ལུས་མེར་བསྲེགས་གནང་མཁན་ཁོང་ས་གནས་རྒྱ་ནག་ཉེན་རྟོགས་པས་བཙན་འཁྲིད་བྱས་ཡོད་པ་དང་། རྒྱལ་གཅེས་དཔའ་བོ་ཁོང་གི་ཤི་གསོན་གང་ཡིན་གྱི་གནས་ཚུལ་ཤེས་རྟོགས་བྱུང་མ་ཐུབ་པ་མ་ཟད། དེང་སང་དཀར་མཛེས་རྫོང་ཐོག་ཏུ་གང་བྱུང་འགྲོ་ཆོག་གི་མེད་པ་དང་། གལ་སྲིད་འགྲོ་དགོས་བྱུང་ཚེ་གྲོང་སྡེ་དང་གྲོང་ཚོ། རྫོང་བཅས་ནས་ཡིག་ཆ་ཁག་གསུམ་བཟོ་དགོས་ཀྱི་ཡོད་པ། རང་ལུས་མེར་བསྲེགས་གནང་ཡུལ་ས་གནས་དེ་གའི་སྐད་འཕྲིན་སོགས་བཀག་སྡོམ་བྱས་མེད་ཀྱང་། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་གནས་ཚུལ་ཤེས་རྟོགས་བྱུང་སོང་།

ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་དུ། རྒྱ་ནག་གཞུང་དམར་པོའི་རིང་ལུགས་ཀྱིས་བོད་ས་ཡོངས་སུ་བཙན་གནོན་སྲིད་ཇུས་ལ་ཞི་རྒོལ་གྱིས་སྐུ་ལུས་མེར་བསྲེགས་གནང་མཁན་སེར་སྐྱ་ཕོ་མོ་ཁྱོན་བསྡོམས་གྲངས་༡༤༧ བྱུང་ཞིང་། དེའི་སྐོར་གྱི་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སེར་སྐྱ་ཕོ་མོ་༡༢༥ སྐུ་གྲོངས་པའི་གནས་ཚུལ་ཁ་གསལ་ཆགས་པ། ད་དུང་མི་གྲངས་ ༢༢ ཙམ་འདས་གསོན་གང་ཡིན་གྱི་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ། རྒྱལ་གཅེས་པ་ཁོང་ནི་ས་གནས་དེ་གའི་རང་ལུས་མེར་བསྲེགས་གནང་མཁན་གསུམ་པ་ཆགས་ཡོད་པ་དང་། ད་ལོའི་རང་ལུས་མེར་བསྲེགས་གནང་མཁན་གཉིས་པ་ཆགས་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།