choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སྐད་གཉིས་བཅོས་བསྒྱུར་སྲིད་ཇུས་བོད་ས་ཡོངས་སུ་དམིགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༢༤ཉིན་སྤེལ། མཚོ་ལྷོའི་སྐད་གཉིས་བཅོས་བསྒྱུར་སྐོར་གྱི་སྲིད་ཇུས་ལག་བསྟར་འདི་མ་འོངས་པར་བོད་ས་ཡོངས་སུ་ཁ་ཕྱོགས་པ་ཞིག་ཡིན་ནམ།

Tibet-bilingual-2017འདི་ག་གསར་ཁང་གིས་མཚོ་ལྷོའི་སྐད་གཉིས་སློབ་གསོའི་གནད་དོན་དང་འབྲེལ་བའི་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ལྟར་ན། བོད་སྐད་ཡིག་གི་འདས་མ་ད་གསུམ་ལ་ལྷག་བསམ་དཀར་བའི་རྩོམ་པ་པོ་༥༠ལྷག་གིས་དགག་རྩོམ་བྲིས་ཤིང་། རྒྱུ་མཚན་ལྡན་པའི་གནས་ལུགས་དྲངས་ཏེ་བོད་སྐད་ཡིག་གི་ཚེ་སྲོག་རྒྱུན་མཐུད་ཡོང་བར་འབད་བརྩོམ་བྱས་འདུག

བོད་མི་རིགས།  འདི་ནི་འཛམ་གླིང་གི་རྒྱལ་ཁབ་རྣམས་དང་འདྲ་བར་ཆོས་དང་རིག་གཞུང་། སྐད། ཡུལ་སྲོལ་གོམས་གཤིས་ཆ་ཚང་ལྡན་པའི་མི་རིགས་ཤིག་ཡིན་པ་གསལ་བོ་རེད།

ད་ལྟ་ང་ཚོས་རྒྱ་ནག་དམར་ཤོག་རིངས་ལུགས་ཀྱིས་བོད་ལ་བཙན་འཛུལ་བྱས་པའི་སྐབས་སུ་ཕྱི་བལྟས་ཀྱིས་བསམ་བློ་ཞིག་བཏང་ན།  ཐོག་མར་དམར་ཤོག་གིས་བོད་ས་ཡོངས་སུ་དམག་ཤུགས་བཀོད་དེ་རྡུང་བསྲེགས་བཅོམ་གསུམ་བྱས་ཤིང་། བོད་མི་ཡོད་ཅོག་གིས་བཀྲེས་ལྟོགས་ཀྱི་མནར་གཅོད་མྱང་བའི་དངོས་བྱུང་ལོ་རྒྱུས་རྒན་རབས་པའི་མི་དཔང་ཡོད་ལ། དེ་འབྲེལ་གྱི་ངག་རྒྱུན་ལོ་རྒྱུས་དཔར་འགྲེམས་བྱས་པའི་དེབ་སྒྲུང་ཧ་ཅང་མང་། དེ་རྗེས་རིག་གནས་གསར་རྗེས་ཆེན་མོ་སླེབས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་ལ་རྡུང་བསྲེགས་བཅོམ་གསུམ་གྱིས་མི་རིགས་ཀྱི་ངོ་བོ་བརླགས་པར་འབད་བརྩོན་གང་མང་བྱས་ཀྱང་། སྟབས་ལེགས་པ་ཞིག་ལ་དམར་ཤོག་གི་གཙོ་འཛིན་མོའོ་གློ་བུར་དུ་ཤི་སོང་བ་དང་མཉམ་དུ་རིག་གསར་གྱི་ཡོ་ལངས་ཅུང་ཙམ་ཞི་འཇགས་སུ་གྱུར་བ་རེད།

བོད་མི་རིགས་ཀྱི་སྙིང་སྟོབས་དང་ཡང་དག་པའི་རིག་གཞུང་གི་ཕྱུག་ཚད། ཡུལ་སྲོལ་གོམས་གཤིས་ཀྱི་ངོས་ནས་དུས་རབས་དང་མཐུན་པའི་ལམ་ཁར་ཚེག་མེད་བསྙེགས་ཤིང་། ལྷག་པར་བརྡ་འཕྲིན་གྱི་སྟེགས་བུར་བོད་སྐད་ཡིག་གིས་ས་མིག་ཅི་ཡོད་ཟིན་ལ་ཉེ་བ། སྐད་གཉིས་སློབ་གསོའི་རྒྱུ་སྤུས་ཡིས་མི་རིགས་རང་གི་དགོས་མཁོ་དང་ངོ་བོར་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་སྤུས་ཀ་མཐོ་རུ་འགྲོ་བའི་བར་བརླགས་ཤིག་ལ།

དམར་ཤོག་གཙོ་འཛིན་རིམ་པའི་བློ་མཆིན་བར་དུ་ནད་དུ་གྱུར་ཞིང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཏོན་པའི་མི་རིགས་ས་གནས་རང་སྐྱོང་གི་གཏན་ཚིགས་སུ་འགྱུར་བ་གཏོང་དགོས་འཁེལ་ཡོད་མོད། དེ་ནི་བརྡ་འཕྲིན་དུས་རབས་ཀྱི་བར་བརླགས་ནས་བཙན་བཀའ་བཏང་ཆོག་ཆོག་གི་སྲིད་ཇུས་ཤིག་མིན་དུས། ས་འོག་དར་ཐག་གི་གཡོ་ཇུས་བཀོད་དེ་ས་ཁུལ་གྱི་དཔོན་རིགས་ཚོའི་མགོ་ལ་ཁྲལ་བཀལ་བའི་རྣམ་པ་ཞིག་མངོན་གྱི་ཡོད།

སྔོན་ཆད་ནས་བོད་ཀྱི་དགོན་སྡེ་སློབ་གསོ་ཁག་གི་རྒྱུས་སྤུས་གང་བཟང་བ་ཐམས་ཅད་རིམ་གྱིས་ཞན་རུ་བཏང་ཡོད་ལ། ད་ལྟ་ད་ཁོ་ཚོའི་ལག་པ་འཆིངས་ས་གཙོ་བོ་ནི། དམངས་ཚོགས་ནང་གི་བོད་ཀྱི་སྐད་ཡིག་གི་སློབ་གསོའི་རིམ་པ་ཉམས་ཞན་དུ་གཏོང་བའི་བྱུས་ངན་ལག་བསྟར་བྱེད་བརྩིས་ཡོད་པ་ཞིག་ཏུ་མཐོང་།

བོད་ས་ཡོངས་སུ་རྒྱ་ནག་གིས་མི་སེར་སྤེལ་ཡུལ་གྱི་བྱུས་ངན་སྔ་མོ་ནས་འཐེན་ཞིང་། སྣུམ་ལམ་དང་ལྕགས་ལམ་བཟོས་ཏེ་རྒྱ་མི་རིགས་གནས་སྤོ་རུ་ཐབས་དགུ་ཅི་ཡོད་བཀོད་ཀྱང་།  བོད་ས་རུ་བོད་ཀྱིི་སྐད་ཡིག་གཙོ་བོ་དང་རྒྱའི་སྐད་ཡིག་གཉིས་པར་བཞག་པའི་སློབ་གསོའི་ཐབས་ལམ་གྱིས་མི་སེར་སྤེལ་བར་དཀའ་ངག་བཟོ་ཡི་ཡོད་ཅིང་། དེ་བས་སྐད་གཉིས་ཀྱི་སློབ་གསོའི་ཐོག་ལག་པ་འཆིངས་པའི་བློ་བྱུས་ངན་པའི་བསམ་བློ་བཏང་སྟེ། "སྐད་གཉིས་སློབ་ཁྲིད་རྣམ་བསྒྱུར་སྤུས་འདེགས་བཟོ་བཀོད་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་ང་ཚོའི་མི་རིགས་སློབ་གྲྭའི་སློབ་མས་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལེགས་པོར་སློབ་པའི་ཞོར་ལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བར་མཐོང་ཆེན་བྱས་ནས་མི་རིགས་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་འདེགས་པ།" ཞེས་པའི་སྲིད་ཇུས་ཤིག་གི་གྲོས་འགོ་མཚོ་ལྷོར་བཙུགས་ཤིང་།  དེ་ནི་"མཚོ་ལྷོར་རྐང་འཛུགས་པ་དང་། མཚོ་སྔོན་གྱི་ཁུལ་དྲུག་ལ་ཁ་ཕྱོགས་པ། ཞིང་ཆེན་བཞིའི་བོད་ཁུལ་ལ་ཁྱབ་འགྱེད་བྱེད་ཐུབ་དགོས་པའི་བླང་བྱ།"བཏོན་པ་འདི་ནི་བོད་སྐད་ཡིག་མེད་པར་བཟོ་བའི་ཐབས་ལམ་ཉག་གཅིག་ལ་དམིགས་འདུག་པ་མཐོང་ཐུབ།

མཚོ་ལྷོའི་སྐད་གཉིས་སློབ་གསོའི་བཅོས་བསྒྱུར་ཐད།  བརྡ་འཕྲིན་གྱི་དུས་རབས་དབལ་ཁ་ཚ་བའི་བརྒྱུད་ལམ་ནས་རྩོམ་པ་པོ་རྒན་དར་གཞོན་གསུམ་གྱིས་བོད་ཡིག་གཙོས་རྒྱ་ཡིག་བཅས་ཀྱི་ཐོག  "སྐད་གཉིས་སློབ་གསོའི་"སྐོར་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྩོམ་ཡིག་ལྔ་བཅུ་ལྷག་སྤེལ་འདུག་ལ།  རྩོམ་ཡིག་འདི་དག་ཁྲོད་དུ་བོད་སྐད་ཡིག་དང་རྒྱ་ཡིག་གཉིས་བེད་སྤྱོད་བྱེད་པའི་བསྡུར་བ།  བོད་སྐད་ཡིག་དང་དམར་ཤོག་གི་ཁྲིམས་ལུགས་ཀྱི་བསྡུར་བ། བོད་སྐད་ཡིག་དང་དེའི་བདག་པོ་བོད་ཀྱི་བསྡུར་བ། བོད་སྐད་ཡིག་དང་མི་རིགས་ཀྱི་བསྡུར་བ། བོད་སྐད་ཡིག་དང་ཆོས་ལུགས་ཀྱི་བསྡུར་བ། བོད་སྐད་ཡིག་དང་ཡུལ་སྲོལ་གྱི་བསྡུར་བ། བོད་སྐད་ཡིག་དང་གོམས་སྲོལ་གྱི་བསྡུར་བ། བོད་སྐད་ཡིག་དང་དམར་ཤོག་བསྡུར་བ། བོད་སྐད་ཡིག་དང་ཨེ་ཤ་ཡ་བསྡུར་བ། བོད་སྐད་ཡིག་འཛམ་གླིང་བསྡུར་བ་སོགས་ཀྱི་བརྗོད་གཞི་རྒྱ་ཆེ་ཞིང་དོན་ཟབ་པའི་རིན་བྲལ་གྱི་སྙན་ཐོག་གནས་ལུགས་ལྡན་པ་འདི་དག་གིས་གནའ་བོའི་བོད་ཀྱི་སྐད་ཡིག་གི་སྟོབས་ཤུགས་མཚོན་ལ། ད་ལྟའི་བོད་སྐད་ཡིག་གི་སྤུས་ཚད་མཚོན་ཐུབ་པ་མ་ཟད། སྐད་གཉིས་སློབ་གསོ་བཅོས་བསྒྱུར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་གང་མང་ཞིག་ལ་གཏོར་བཤིག་དང་ཉམས་རྒུད་ཀྱི་ཕྱོགས་སུ་བསྐྱོད་པའི་སེམས་འཚབ་གསལ་བོ་བསྟན་ཡོད་པ་ཞིག་རེད།

གལ་སྲིད་ཁྱེད་ཚོས་བོད་སྐད་ཡིག་ལ་ལྷག་བསམ་དག་པའི་རྩོམ་པ་པོ་རྣམས་ཀྱི་རྩོམ་ལ་བལྟ་བསམ་ན། ངོ་དེབ་སྟེང་གི་"ཤམ་བྷ་ལའི་ཕོ་ཉ།"ཞེས་པའི་ཁ་བྱང་ལས་ཀློག་ཐུབ།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།