དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


པདྨ་རྒྱལ་མཚན་ལགས་ཀྱིས་རང་ལུས་མེར་སྲེག་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༣།༢༠ཉིན་སྤེལ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འདོད་པ་མ་བཀང་བར་རང་ལུས་རིན་ཆེན་མེ་རུ་སྒྲོན་ནས་ཞི་རྒོལ་རྔམ་སྟོན་བྱས་འདུག

Self Immolation-2-768x538འདི་གར་གནས་ཚུལ་འབྱོར་བ་ལྟར་ན། བོད་ཡུལ་གྱི་ཁམས་ཉག་རོང་ནས་ཡིན་པའི་ལོ་༢༤ཅན་གྱི་ན་གཞོན་ཞིག་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཞི་རྒོལ་བྱེད་ཆེད། ས་དེ་གར་ཡོད་པའི་མཚོ་ཁ་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་སྲེག་གནང་ཡོད་འདུག

འདི་གར་གནས་ཚུལ་འབྱོར་བ་ལྟར་ན། བོད་ཡུལ་གྱི་ཁམས་ཉག་རོང་ནས་ཡིན་པའི་ལོ་༢༤ཅན་གྱི་ན་གཞོན་ཞིག་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཞི་རྒོལ་བྱེད་ཆེད། དཀར་མཛེས་རྫོང་ཐོག་ནས་རང་ལུས་མེར་སྲེག་གནང་ཡོད་འདུག

དེ་ཡང་ས་གནས་འབྲེལ་ཡོད་ཅིག་འདི་གར་གནས་ཚུལ་བརྗོད་པ་ལྟར་ན། འདི་ཟླའི་ཕྱི་ཚེས་ ༡༨ ཉིན། བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་དཀར་མཛེས་རྫོང་ཐོག་ཏུ་བོད་ཁམས་ཉག་རོང་གི་རང་ལོ་ ༢༤ སོན་པའི་བོད་མི་ན་གཞོན་པདྨ་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་སུན་གཙེར་མུ་མཐུད་བཟོ་བཞིན་པ་དེར་ཞི་རྒོལ་རྔམ་སྟོན་ཆེད། རང་ལུས་མེར་སྲེག་བཏང་འདུག

དེ་རྗེས་རྒྱ་མིའི་ཉེན་རྟོགས་མི་སྣ་འབྱོར་སྟེ་ཁོང་བཙན་ཁྲིད་བྱས་པ་དང་། སྐར་མ་གཅིག་ཙམ་རིང་གི་བརྙན་ཐུང་དུམ་ཚན་ཞིག་ཉག་རོང་ནས་ཕྱིར་གྱར་བྱུང་བའི་ནང་། རང་ལུས་མེར་སྲེག་གཏོང་ཡུལ་གྱི་ས་གནས་དེར་རྒྱ་ནག་དྲག་ཆས་ཉེན་རྟོག་མི་སྣ་ཧ་ཅང་མང་པོ་འབྱོར་ཡོད་པ་མཐོང་ཐུབ་ལ། ད་ལྟའི་ཆར་རྒྱལ་གཅེས་པ་ཁོང་འཆི་གསོན་གྱི་གནས་སྟངས་གང་ཡིན་སྐོར་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཐབས་བྲལ་ཡོད།

དེ་མིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་ ༦ པའི་སྔ་དྲོའི་སྐབས་སུ། རང་ལུས་མེར་སྲེག་གནང་མཁན་ཁོང་གི་ཕ་མ་སྤུན་ཟླ་རྣམས་སུ་གདུང་སེམས་མཉམ་བསྐྱེད་དང་། རྒྱལ་གཅེས་པ་ཁོང་རང་སྐུ་འདས་གྲོངས་སོང་ཡོད་མེད་གསལ་ཁ་མ་བྱུང་བས་མྱ་ངན་གྱི་གུས་འདུད་མ་བྱས་པ་ཡིན། ཞེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་སོང་།

གཞན་ཡང་། ད་ལོའི་སུམ་བཅུའི་དུས་དྲན་སྐབས་སུ། བཀའ་ཤག་གི་གསུང་བཤད་ལས། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་ ༡༤༥ ཡིས་གཞན་ལ་འཚེ་བ་མ་བྱས་པར་རང་ལུས་མེར་བསྲེགས་བཏང་སྟེ་ “བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས།” ཞེས་བོད་མིའི་མངོན་འདོད་གསལ་འདོན་བྱས་ཡོད། ཅེས་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་གསུངས་བཤད་ལསའགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མེད་པ་སོགས་བོད་མི་རྣམས་ཀྱི་མངོན་འདོད་དང་ཡོངས་སུ་འགལ་བའི་བྱེད་ཕྱོགས་ཁོ་ན་ལུ་གུ་རྒྱུད་དུ་ལག་བསྟར་བྱས་པས་བོད་མི་རྣམས་ཀྱིས་བཟོད་ཐབས་རྩ་བྲལ་གྱིས་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༨ བར་” ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས། “ཞེས་འབོད་ཚིག་འདི་གཉིས་གཙོ་བོར་སྒྲོག་བཞིན་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་དངོས་སུ་ཤེས་རྟོགས་བྱུང་བར་མི་གྲངས་ ༡༤༥ བྱུང་ཡོད་པ་དང་། དེ་དག་གི་ཁྲོད་ནས་མི་གྲངས་ ༡༢༥ ཡི་སྐུ་སྲོག་ཤོར་བ་དང་། མི་གྲངས་ ༢༠ ཐམ་པ་འདས་གསོན་ཇི་ཡིན་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད། ཅེས་འཁོད་འདུག་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།