choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

དགེ་འདུན་ལགས་ཉེན་རྟོག་པས་བཙན་བཟུང་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༣།༠༩ཉིན་སྤེལ། རྒྱ་མིའི་ཉེན་རྟོག་པས་བོད་མི་རྣམས་ཀྱི་སྐད་འཕྲིན་རྒྱབ་ཏུ་༧གོང་ས་མཆོག་གི་སྐུ་འདྲ་བཞག་པ་ཡང་ཉེས་མིང་དུ་བརྩིས་ནས་བཀག་ཉར་བྱེད་ཀྱིན་འདུག

Tibet-Gethen-2017དེ་ཡང་འདི་ག་གསར་ཁང་གིས་གནས་ཚུལ་ལོན་པ་ལྟར་ན། བོད་ནང་གི་མི་སྐྱ་དགེ་འདུན་ཟེར་བ་ཞིག་གི་དྲ་རྒྱབ་དུ་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར།  རྩོམ་ཡིག་བཞག་པའི་ཉེས་མིང་འོག་སེར་ཤུལ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་གིས་གཅར་རྡུང་ཚབ་ཆེན་བྱས་ཏེ་བཀག་ཉར་བྱས་ཡོད་པ་མ་ཟད།  ཁོང་གི་དྲ་རྒྱབ་ལ་དགའ་རྟགས་བཀོད་མཁན་ཁག་གཅིག་ཀྱང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་སོང་།

ད་དུང་འབྲེལ་ཡོད་མི་སྣ་ཞིག་གིས་གོང་གི་གནས་ཚུལ་སྐོར་ནས་འགྲེལ་བརྗོད་གནང་དོན།
ཉེ་བའི་ཆར་བོད་ཁམས་དཀར་མཛེས་ཁུལ་སེར་ཤུལ་རྫོང་དབོན་པོ་སྡེ་བར་ཡིན་པའི་མིང་ལ་དགེ་འདུན་ཟེར་བ་ཞིག་གི་དྲ་རྒྱའི་རྒྱབ་ལོག་དུ་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར།  རྩོམ་ཡིག་བཞག་ཡོད་པའི་སྐོར་ལ། སེར་ཤུལ་རྫོང་གི་ཉེན་རྟོག་པས་ཞིབ་དཔྱོད་བྱས་ཏེ། ནག་ཉེས་ཅན་གྱི་ངོས་འཛིན་གྱིས་གཅར་རྡུང་ཚབ་ཆེན་བྱས་པ་ནི་ཉེ་འཁོར་གྱི་མི་ཤས་ཀྱིས་མཐོང་ཡོད་པ་དང་མཐར་བཀག་ཉར་བྱས་ཡོད་པ་མ་ཟད།  ཁོང་གི་དྲ་རྒྱབ་ལ་དགའ་རྟགས་སམ་སྙིང་རྟགས་བཀོད་མཁན་ཁག་གཅིག་ཀྱང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་།  ད་ལྟའི་ཆར་ཡུལ་མི་ཚོས་སྐད་འཕྲིན་ནས་པར་རིས་འགྲེམས་སྤེལ་དང་།  གནས་ཚུལ་ཕྱིར་བསྒྲགས་སྐབས་ཧ་ཅང་གཟབ་དགོས་པའི་གནས་སྟངས་བྱུང་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།