དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སྔར་ཤེས་རྟོགས་མ་བྱུང་བའི་༢༠༡༢ལོའི་བོད་ནང་གི་གནས་ཚུལ་ཞིག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༡༧ཉིན་སྤེལ། ཉིན་དེར་གསེར་རྟ་རྫོང་ཐོག་ནས་ཉེན་རྟོག་པས་མི་མང་ནང་དུ་མེ་མདའ་བརྒྱབ་ནས་མི་མང་ལ་བསད་རྨས་བྱུང་བ་རེད་ཅེས་བརྗོད་སོང་།

Tibet-Sonam Tashi-2017༢༠༡༢ ལོའི་ཟླ་བ་༡ ཕྱི་ཚེས་ ༢༣ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་པའི་ཡིག་ཆ་ཞིག་བཀྲམ་ཡོད་པར་བརྟེན། ཉིན་དེར་བོད་མི་མང་པོ་རྫོང་ཐོག་ཏུ་འཛོམས་ཏེ། ངོ་རྒོལ་བྱེད་མཁན་གྱི་ཕུང་པོ་རྒྱ་ནག་གཞུང་གི་ལག་ཏུ་མ་ཤོར་བ་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་ཀྱང་དྲག་གནོན་བྱེད་རྒྱུ་གྲ་སྒྲིག་ཆ་ཚང་བྱས་ཡོད་འདུག་ཀྱང་། ཉིན་དེར་ཛ་དྲག་གི་གནས་ཚུལ་བྱུང་མེད་མོད། ཕྱི་ཚེས་ ༢༤ ཉིན་མི་མང་གིས་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་ནག་གི་ཉེན་རྟོག་པས་མི་མང་ཁྲོད་མེ་མདའ་བརྒྱབ་སྟེ། གསེར་རྟ་རྫོང་ཤོ་རེབ་གྲོང་ཚོའི་རང་ལོ་ ༢༥ ཡིན་པའི་ཟླ་བ་གྲགས་པ་དམར་གསོད་བཏང་ཡོད་པ་དང་། དབོན་བཟའ་སྡེ་བའི་རང་ལོ་ ༣༥ཡིན་པའི་པོ་པོ་ལགས་སུ་མེ་མདའ་ཕོག་སྟེ་ས་རུ་འགྱེལ་མ་ཐག་ཉེན་རྟོག་པས་བཙན་འཁྱེར་བྱས་ཡོད་ཀྱང་། མང་ཚོགས་ཀྱིས་ཁོང་འདས་གྲོངས་སུ་སོང་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག གཞན། ཉིན་དེར་མི་ཧ་ཅང་མང་པོར་རྨས་སྐྱོན་དང་མི་ ༣༠ ཙམ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག  

དེ་ཡང་འདི་ག་ནས་གནས་ཚུལ་མཁོ་འདོན་པ་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་འདོན་བྱས་དོན་ལྟར་ན།   བསོད་ནམས་བཀྲ་ཤིས་ཞུ་བ་ཞིག་གིས་ལོ་དེའི་ཟླ་དང་པོའི་ཚེས་ལྔ་ཉིན་མོར་རྫོང་ཐོག་ནས་རླུང་རྟ་གཏོར་བཞིན་༧གོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག  བོད་ལ་རང་དབང་དགོས་ཞེས་སྐད་འབོད་བརྒྱབ་ཡོད་ས་རེད།  ཅེས་དང་།

གཞན་ཡང་ཁོང་གིས་མུ་མཐུད་དུ་བརྗོད་དོན། རླུང་རྟའི་རྒྱབ་ན་ཡི་གེ་ཞིག་བྲིས་འདུག་ལབ་མཁན་འདུག བྲིས་མི་འདུག་ལབ་མཁན་འདུག  གལ་ཏེ་ཡི་གེ་ཞིག་ཡོད་ན་ཡི་གེའི་ནང་དོན་ག་རེ་ཡིན་མིན་ད་དུང་ཧ་གོ་མི་འདུག   དེ་ནས་ཅང་མ་འགོར་བར་ཉེན་རྟོག་པ་ཡོང་ནས་འཛིན་བཟུང་བྱས་སོང་ལབ་ཀི་འདུག  ད་ལྟ་ཁོ་རང་གང་དུ་ཡོད་མེད་དང་བཅར་རྡུང་བྱེད་ཀྱི་ཡོད་མེད་སོགས་ཀྱི་གནས་ཚུལ་ཅི་ཡང་ཧ་གོ་ཡི་མི་འདུག  ཡིན་ཡང་།  ནང་མི་སོགས་ཀྱིས་རྩད་གཅོད་བྱེད་བཞིན་ཡོད་ས་རེད་ཀྱང་། དེ་ཙམ་གནས་ཚུལ་ཧ་གོ་ཡོད་ས་མ་རེད།  ཅེས་འགྲེལ་བརྗོད་གནང་སོང་།
དེ་མིན། བསོད་ནམས་བཀྲ་ཤིས་ཀྱི་ཕ་ཡུལ་ནི་གསེར་རྟ་རྫོང་གསེར་ཁོག་ཡུལ་ཚོ།  ཞོལ་ཐ་སྡེ་བ་ནས་རེད་འདུག  ཁོང་གི་ལོ་ཚོད་སོགས་ཅི་ཡང་ཤེས་རྟོགས་ཐུབ་མ་སོང་།  སྤྱིར་ཁོ་རང་འཛིན་བཟུང་བྱས་ནས་ཟླ་གཅིག་ལྷག་འགྲོ་བཞིན་འདུག    ཁོ་རང་ད་ལྟ་བཙོན་ཁང་ནང་དུ་ཡོད་རེད་ལ་དཀའ་ལས་ཀྱང་ཡོད་ཡོད་པ་རེད།    ཁོང་གི་ནང་མིས་དེའི་སྐོར་ནས་གནས་ཚུལ་གསལ་བོ་ཤེས་མི་འདུག་པ་བཅས།

གསར་འགོད་པ།  བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།