choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་ཀྱི་གླུ་བ་ཨ་མཆོག་ཕུལ་བྱུང་ལགས་བཙོན་གྲོལ་བྱུང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༠༣ཉིན་སྤེལ། ངེད་ཅག་བོད་ཁ་བ་ཅན་ནི་ནམ་དཀར་རྒྱུ་ལ་སྒུག་བསྡད་ཡོད་པའི་མི་རིགས་ཤིག་ཡིན།ཞེས་སྙན་ངག་པ་གཉན་ལགས་ཀྱིས་བཙོན་གྲོལ་ཐོབ་མ་ཐག་པའི་གླུ་བ་ཕུལ་བྱུང་ལགས་ལ་འཚམས་འདྲིའི་ཚིག་ཏུ་བརྗོད་པ།

ཁ་སང་ཕྱི་ཟླ༢ཚེས༢ཉིན་བོད་ཀྱི་གླུ་བ་ཨ་མཆོག་ཕུལ་བྱུང་ལགས་བཙོན་འཇུག་དུས་ཡུན་རྫོགས་ཏེ་བཙོནགྲོལ་ཐོབ་ཡོད་པ་དང་མདང་ནུབ་ཕ་ཡུལ་དུ་འབྱོར་ཡོད་འདུག མདང་ནུབ་ཕ་ཡུལ་དུ་འབྱོར་དུས་བོད་ཀྱི་སྙན་ངག་པ་གྲགས་ཅན་གཉན་དང་གཞན་ཡང་ཆེད་དུ་མི་སྣ་མང་པོ་བསུ་རུ་བཅར་འདུག  དྲ་ལམ་དུ་ཁྱབ་བཞིན་པའི་བརྙན་ཐུང་ཞིག་ལས་གཉན་ལགས་ཀྱིས་འཚམས་འདྲིའི་ཚིག་སྟེ”དོ་ནུབ་མུན་ནག་གི་མཚན་མོ་ཞིག་ཡིན་ཡང་།  ངས་བལྟས་ན་རྟེན་འབྲེལ་ཧ་ཅང་ཡག་ཐལ།  རྒྱུ་མཚན་ཅི་ཡིན་ཟེར་ན།  འདིའི་འཕྲོར་ནས་ནམ་དཀར་རྒྱུ་རེད།  ངེད་ཅག་བོད་ཁ་བ་ཅན་ནི་ནམ་དཀར་རྒྱུ་ལ་སྒུག་བསྡད་ཡོད་པའི་མི་རིགས་ཤིག་ཡིན།  བཀའ་དྲིན་ཆེ”ཞེས་ཁ་བཏགས་དཀར་པོ་བསྒྲོན་སོང་།  འོན་ཏེ།  ཁོང་གི་སྐུ་གཟུགས་བདེ་ཐང་གི་སྐོར་ནས་ད་དུང་གནས་ཚུལ་ཅི་ཡང་ཤེས་རྟོགས་མི་འདུག

ཁོང་གིས་ཕྱི་ལོ༢༠༡༢ལོར་ཆེད་སྒྲིག་འོད་སྡེར་ལྔ་པ་ཁུར་གྱིས་ནོན་པའི་ང་ཚོ་ཞེས་པ་འགྲེམས་སྤེལ་གནངས་རྗེས་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ནག་ཉེས་བཀལ་ཏེ་གླུ་བ་ཁོང་འཇུ་བཟུང་བཀའ་རྒྱ་ཁྱབ་བསྒྲགས་བྱས་པར་བརྟེན་ཁོང་ཉིད་རེ་ཞིག་ཉེན་ཡོལ་བྱས་འདུག་ཀྱང་།  ༢༠༡༢ལོའི་ཕྱི་ཟླ༨ཚེས༣ཉིན་གྱི་དགོང་མོར་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་བསྟི་གནས་འབར་ཁམས་རྫོང་གི་ཇ་ཁང་ཞིག་ནས་གློ་བུར་དུ་རྒྱ་གཞུང་གིས་བཙན་འཁྲིད་བྱས་པ་མ་ཟད།  ཡུན་རིང་ཞིག་ལ་ཁོང་གི་གནས་སྟངས་ཡག་ཉེས་གང་ཡང་གོ་ཐོས་མེད་པར་ལུས་འདུག མཐར་ལོ་ངོ་བཞིའི་རིང་ཁྲིམས་ཐག་བཅད་དེ་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་འདུག་པ་བཅས།

གླུ་བ་ཨ་མཆོག་ཕུལ་བྱུང་ལགས་ནི་རྔ་བ་ཁུལ་དམར་ཐང་ངམ་ཁྱུང་ཆུ་རྫོང་ཨ་མཆོག་སྡེ་བ་ནས་ཡིན་ལ།  སྔོན་ཆད་སློབ་གྲྭ་ཆུང་འབྲིང་འགྲིམས་མྱོང་བ་མ་ཟད།  ཆུང་དུས་ནས་ཁོ་བོའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་བོད་ཁུལ་དུ་ཁྱབ་ཅིང་།  སྔ་གཞུག་ཏུ་ཁོང་གིས་ཆེད་སྒྲིག་འོད་སྡེར་ལྔ་འགྲེམས་སྤེལ་བྱས་པར་བོད་ཁུལ་ཡོངས་ནས་འདེང་འཇོག་དང་དགའ་བསུ་ཚད་མེད་ཐོབ་འདུག་ལ།  རྒྱ་གཞུང་གི་གནོན་ཤུགས་ལ་མ་འཛེམས་པར་ལ་རྒྱའི་གླུ་དབྱངས་གང་མང་བླངས་ཤིང་རྗེས་སུ་ཁོང་ལ་བོད་རིགསམི་མང་གིས་ལ་རྒྱ་གླུ་བ་ཞེས་ཆེ་བསྟོད་ཀྱི་མིང་ཞིག་ཀྱང་ཐོགས་འདུག

གསར་འགོད་པ།  བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།