choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ཆབ་སྲིད་བཙོན་ཟུར་ཞིག་སྨན་ཁང་ལ་འགྲོ་དགོས་འཁེལ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༢༨ཉིན་སྤེལ། བོད་ནང་གི་ཆབ་སྲིད་བཙོན་ཟུར་ཞིག་སྨན་ཁང་ལ་འགྲོ་དགོས་པ་མ་ཟད་ནཚ་་གང་མང་ཞིག་སྨན་ཁང་ནས་ངོས་འཛིན་བྱས་འདུག་པའི་གནས་ཚུལ་ཐོན་སོང་།

unnamed-7ཉེ་ལམ་བོད་ནང་གི་ཆབ་སྲིད་བཙོན་མ་ཞིག་གློད་གྲོལ་བཏང་སྟེ་ཉིན་ཁ་ཤས་རྗེས་སུ་སྨན་ཁང་དུ་འགྲོ་དགོས་འཁེལ་ཡོད་པ་དང་། སྨན་ཁང་གི་བརྟག་དཔྱད་འབྲས་བུར་གཞིགས་ན། ཆབ་སྲིད་བཙོན་ཟུར་ཁོང་ལ་ཟ་ཁུ་གཅིན་སྙི(糖尿病)དང་། སྙིང་ནད། མཆིན་ནད། ཁྲག་ཤེད་མཐོ་བ། མིག་ནད་བཅས་ན་ཚ་ཁག་ཅིག་ངོས་འཛིན་བྱས་ཡོད་འདུག

དེཡང་འདི་ལོའི་ཕྱི་ཟླ་༡༡ཚེས་༡༡ཉིན་མདོ་སྨད་ལན་ཀྲུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ཕྱིན་ཏེ་གོང་འཁོད་ན་ཚ་དག་བརྟག་དཔྱད་བརྒྱུད་དེ་ངོས་འཛིན་བྱས་ཡོད་པ་དང་། ཕྱི་ཟླ་༡༢ཚེས་༢༦ཉིན་ཡང་བསྐྱར་བླ་བྲང་བསང་ཆུ་རྫོང་མི་དམངས་སྨན་ཁང་དུ་བརྟག་དཔྱད་ཅིག་བྱས་རྗེས། སྨན་ཁང་གིས་ན་ཚ་ཚབས་ཆེན་ཡིན་པས་ངེས་པར་སྨན་ཁང་ནང་འདུག་དགོས་ཚུལ་བཤད་པ་ལྟར་ད་ལྟ་རྫོང་སྨན་ཁང་ནང་གནས་སྤོར་བྱས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་གནང་མཁན་ཨ་ཁུ་འཇིགས་མེད་ཀྱི་དགེ་ཕྲུག་དགེ་འདུན་ཕུན་ཚོགས་ཀྱིས་ཡིག་ཐོག་ཏུ་གནང་བའི་གནས་ཚུལ་ལྟར་ན། "པར་ནང་མཐོང་གསལ་ལྟར་ཨ་ཁུ་འཇིགས་མེད་ཁོང་གི་མིག་ནང་ཁྲག་བབས་ཏེ་དམར་པོ་གྱུར་ཡོད་པ་དང་། མགོ་ན་བ་སོགས་གཟུགས་ཁམས་ཧ་ཅང་མི་བདེ་བ་རེད།"ཞེས་བྲིས་གནང་འདུག

དེ་ཡང་ཁོང་གི་ཡིག་འཁོད་བྱས་པའི་རྩོམ་ནང་དུ། ཨ་ཁུ་འཇིགས་མེད་ཁོང་འཛིན་བཟུང་མ་བྱས་སྔོན་ནད་མེད་དུག་མེད་ཅིག་ཡིན་ཡང་། ཕྱི་ལོ༢༠༡༡།༨།༢༠ ཉིན་འཛིན་བཟུང་བྱས་ནས་ཟླ་གཉིས་ཀྱི་མཚམས་སུ་གཟུགས་གཞི་མི་བདེ་བའི་གནས་སྟངས་འོག་གོང་རིམ་ལ་ཡང་ཡང་སྨན་པར་བསྟེན་དགོས་པའི་རེ་སྐུལ་བྱས་ཀྱང་། ཟླ་བཞིའི་རྗེས་ནས་མ་གཏོགས་བརྟག་དཔྱད་གང་ཡང་མ་བྱས་པར་དེ་མུར་བཞག རྗེས་སུ་བཙོན་པའི་སྨན་ཁང་ནས་བརྟག་དཔྱད་ཅིག་བྱས་པར་ན་ཚ་གཙོ་བོ་གཅིན་སྙི་ཡིན་པར་ངོས་འཛིན་གྱིས་བཙོན་པའི་སྨན་ཁང་ནང་ཟུར་འཇོག་བྱས་ཡོད་པ་རེད། ཅེས་དང་།

༢༠༡༦།༡༠།༢༦ཉི ན་ལོ་ལྔའི་ཁྲིམས་ཆད་དུས་ཡུན་རྫོགས་རྗེས་ཁོང་གློད་གློལ་བཏང་ཡང་། འགྲོ་འདུག་གི་བྱ་སྤྱོད་སོགས་ལ་སྟངས་འཛིན་ཡོད་པ་སྨོས་མེད་ཐོག ད་དུང་དགོན་པར་སྡོད་པ་དང་གཟན་ཤམ་གྱོན་དབང་མེད་ལ། ལོ་འགའི་སྔོན་ནས་ཁྱེར་བའི་ཐོབ་ཐང་ལག་འཁྱེར་དང་གློག་ཀླད། ཡིག་ཆ་ཁག དེ་བཞིན་སྒོར་ཁུག་སོགས་ཀྱང་ཕྱིར་སྤྲོད་བྱས་མེད། དེའི་ཐད་ཐེངས་གསུམ་ལ་ཅ་དངོས་གལ་ཆེན་དེ་དག་ཕྱིར་སྤྲོད་དགོས་པའི་རེ་འདུན་བཏོན་ཀྱང་འབྲས་བུ་མ་སྨིན། དེང་སྐབས་ཁོང་ལ་ཐོབ་ཐང་ལག་འཁྱེར་མེད་ཁར་གར་འགྲོར་སྟངས་འཛིན་ཆེ་བས་ལན་ཀྲུའུ་གྲོང་ཁྱེར་གྱི་སྨན་ཁང་སོགས་སུ་སྡོད་ཐབས་མེད་པའི་གནས་སྟངས་ཆགས་ཡོད། དོན་འདི་དག་གི་ཐད་ནང་མི་ཉེ་གྲོགས་ཚོས་སེམས་འཚབ་བྱེད་པ་ལས་ཐབས་གཞན་ཅི།

ཨ་ཁུ་འཇིགས་མེད་ཀྱི་དགེ་ཕྲུག་དགེ་འདུན་ཕུན་ཚོགས་ཀྱིས་ཕྱི་ལོ༢༠༡༦/༡༢/༢༦ ཉིན་སྤེལ། ཞེས་འཁོད་འདུག་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།