དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལོ་བཅོ་བརྒྱད་ཅན་གྱི་རྒྱལ་གཅེས་པ་བསྟན་པ་ལགས་བཙན་འཁྲིད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༢༡ཉིན་སྤེལ། རྔ་བ་རྫོང་གི་དཔའ་བོའི་སྲང་ལམ་དུ་བོད་མི་བསྟན་པ་ལགས་ཀྱིས་ཞི་རྒོལ་སྐད་འབོད་གནང་སྟེ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

15666142 10154469187749818 1103662812 nའདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་དོན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྔ་བ་རྫོང་གི་དཔའ་བོའི་སྲང་ལམ་དུ་བོད་མི་བསྟན་པ་ལགས་ཀྱིས་ཞི་རྒོལ་སྐད་འབོད་གནང་སྟེ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། རྒྱལ་གཅེས་པ་ཁོང་གིས་དཀྱིལ་དུ་༧གོང་ས་མཆོག་གི་སྐུ་པར་ཡོད་པའི་བོད་ཀྱི་རྒྱལ་དར་ཞིག་ལག་ཏུ་བཟུང་སྟེ། “༸རྒྱལ་བ་རིན་པོ་ཆེ་ཕྱིར་ཕ་ཡུལ་དུ་ཕེབས་འཇུག་དགོས། ”བོད་ལ་རང་དབང་དགོས།” ཞེས་ཞི་རྒོལ་སྐད་འབོད་གནང་བཞིན་ཁྲོམ་གཞུང་དུ་གོམ་བགྲོད་གནང་ཡོད་འདུག

འབྲེལ་ཡོད་རྨེའུ་དཀོན་རྒྱམ་ལགས་ཀྱིས་གནས་ཚུལ་དེའི་སྐོར་ནས་བརྗོད་པ་ལྟར་ན། ཟླ་འདིའི་ཚེས་ ༡༦ ཉིན་གྱི་ཉིན་རྒྱབ་ཏུ་རྔ་བ་རྫོང་དཔའ་བོའི་སྲང་ལམ་དུ། བོད་མི་གཞོན་སྐྱེས་བསྟན་པ་ལགས་ཀྱིས་དཀྱིལ་དུ་༧གོང་ས་མཆོག་གི་སྐུ་པར་ཡོད་པའི་བོད་ཀྱི་རྒྱལ་དར་ཞིག་ལག་ཏུ་བཟུང་སྟེ། “༸རྒྱལ་བ་རིན་པོ་ཆེ་ཕྱིར་ཕ་ཡུལ་དུ་ཕེབས་འཇུག་དགོས། ”བོད་ལ་རང་དབང་དགོས།” ཞེས་ཞི་རྒོལ་སྐད་འབོད་གནང་བཞིན་ཁྲོམ་གཞུང་དུ་གོམ་བགྲོད་གནང་ཡོད་པ་དང་། ཞི་རྒོལ་སྐད་འབོད་གནང་སྟེ་སྐར་མ་ལྔ་ཙམ་ལས་མ་འགོར་བར་ཉེན་རྟོག་པ་བཅུ་གྲངས་ཤིག་གིས་ཁོང་ལ་གཅར་རྡུང་གཏོང་ཞོར་དུ་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁྱིམ་མི་ཚོས་ཁོང་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་གནས་སྟངས་ག་འདྲ་ཆགས་ཡོད་མེད་སོགས་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཞི་རྒོལ་བ་བསྟན་པ་ལགས་ནི། རྔ་བ་རྫོང་གི་རྨེའུ་རུ་མའི་རུ་ཆེན་དང་པོའི་ཕ་བློ་ཆོས་དང་མ་རྒྱལ་མོ་གཉིས་ཀྱི་བུ་ཡིན་ཞིང་། ད་ལྟ་དགུང་ལོ་ ༡༨ ཡིན་ལ། དེ་སྔོན་རྔ་བ་ཀིརྟི་དགོན་དུ་གྲྭ་པ་བྱས་ཤིང་རྗེས་སུ་སྐྱ་སར་བབས་ཏེ་འབྲོག་པའི་འཚོ་བ་སྐྱོང་བཞིན་ཡོད་འདུག ཁོང་ནི་དུས་རྒྱུན་སྤྱི་སེམས་ཅན་ཞིག་ཡིན་པ་མ་ཟད། མི་མང་འདུ་འཛོམས་སར་འཇིགས་ཞུམ་མེད་པའི་སྒོ་ནས་བོད་དོན་གླེང་མཁན་ཞིག་ཡིན་པ་ཁོང་ལ་རྒྱུས་མངའ་ཡོད་མཁན་ཚོས་འགྲེལ་བརྗོད་བྱས་འདུག་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།