དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་ནག་གིས་བོད་རིག་པ་ཞིབ་འཇུག་ལ་ལག་པ་གཏོང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༡༣ཉིན་སྤེལ། ལས་སྒོ་ཁག་སྤུས་དག་སྒྲུབ་ནུས་པའི་རྩོམ་སྒྲིག་དཔུང་ཁག་གསོ་སྐྱོང་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་བསྒྲུབ་པའི་རེ་འདུན་ཡིན། ཞེས་བརྗོད་འདུག

གནས་ཚུལ་ལག་སོན་བྱུང་བ་ལྟར་ན། རིག་གཞུང་ཕྱི་འབྲེལ་གྱི་ནུས་པའང་ཐོན་བཞིན་མཆིས། ཆབ་སྲིད་ཐོག་ཉམས་སད་ཐེག་ཐུབ་ཅིང་། ལས་སྒོ་ཁག་སྤུས་དག་སྒྲུབ་ནུས་པའི་རྩོམ་སྒྲིག་དཔུང་ཁག་གསོ་སྐྱོང་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་བསྒྲུབ་པའི་རེ་འདུན་ཡིན། ཞེས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གྱིས་བརྗོད་འདུག

ཉེ་ལམ་རྒྱ་ནག་གིས་བེད་སྤྱོད་བྱེད་བཞིན་པའི་བོད་ཀྱི་གསར་འགྱུར་ཞེས་པའི་འཕྲིན་སྟེགས་སུ་བོད་དང་འབྲེལ་བའི་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཡོངས་བོད་རིག་པའི་རྩོམ་སྒྲིག་སྦྱོང་བརྡར་ཞེས་པ་ཞིག་པེ་ཅིང་དུ་འཚོཊ་ཡོད་པར་སྤེལ་འདུག

གོང་གི་འཕྲིན་སྟེགས་སུ་འཁོད་པར་གཞིགས་ན། ཐེངས་འདིའི་སྦྱོང་བརྡར་འཛིན་གྲྭ་ནི་རྒྱ་ནག་ཁོ་ཚོས་མིང་བཏགས་བྱས་པའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཚན་རྩལ་ཞིབ་འཇུག་གཞུང་ལས་ཁང་དང་། པེ་ཅིང་གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་དང་། རླུང་བརྙན་སྤྱི་ཁྱབ་ཅུས་ཀྱི་མི་ཤུགས་ཐོན་ཁུངས་ལྟེ་གནས་ནས་མཉམ་འབྲེལ་གཙོ་སྒྲུབ་དང་།ཀྲུང་གོའི་བོད་རིག་པའི་དུས་དེབ་ཁང་ནས་སྒྲུབ་འགན་ཁུར་ལེན་བྱས་ཡོད། ཅེས་འཁོད་འདུག

གཞན་ཡང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་མཆོག་ནས་ངོ་སྤྲོད་གནང་བར། དུས་རབས༢༡པ་ཤར་རྗེས། རྒྱལ་ནང་གི་བོད་རིག་པའི་ཞིབ་འཇུག་དཔུང་ཁག་ཟམ་མ་ཆད་པར་འཚར་ལོང་དང་། ནུས་སྟོབས་རྒྱས་བཞིན་མཆིས། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གྲུབ་འབྲས་བཤམ་སྒྲོག་བྱེད་སའི་སྟེགས་བུ་སྟེ། བོད་རིག་པའི་འབྲེལ་ཡོད་དཔེ་སྐྲུན་ཁང་དང་། རིག་གཞུང་དུས་དེབ་ཀྱིས་ཀྲུང་གོའི་བོད་རིག་པའི་སྤུས་ཚད་ཇེ་ལེགས་དང་གྲ་ཇེ་རྒྱས་སུ་གཏོང་བཞིན་ཡོད་པ་དང་དུས་མཚུངས། ཀྲུང་གོའི་ཕྱི་ཕྱོགས་དྲིལ་སྒྲོག་གི་གལ་ཆེའི་ཁུར་འགན་བཞེས་ཡོད་ཅིང་། རིག་གཞུང་ཕྱི་འབྲེལ་གྱི་ནུས་པའང་ཐོན་བཞིན་མཆིས། ཆབ་སྲིད་ཐོག་ཉམས་སད་ཐེག་ཐུབ་ཅིང་། ལས་སྒོ་ཁག་སྤུས་དག་སྒྲུབ་ནུས་པའི་རྩོམ་སྒྲིག་དཔུང་ཁག་གསོ་སྐྱོང་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་བསྒྲུབ་པའི་རེ་འདུན་ཡིན་ལ། མིག་སྔའི་བོད་རིག་པའི་ལས་དོན་གྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡང་ཡིན་པ་རེད། ཅེས་བཤད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།