choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རབ་བརྟན་ལགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༡༢ཉིན་སྤེལ། རང་ལུས་མེར་བསྲེགས་གནང་མཁན་ཁོང་གི་ཆུང་མ་དང་བུ་ཕྲུག་ཀྱང་རྒྱ་ནག་གིས་བཙན་འཁྲིད་བྱས་འདུག་པའི་གནས་ཚུལ་འདུག

ཉེ་ལམ་བོད་མདོ་སྨད་རྨ་ཆུ་སྲང་ལམ་དུ་བོད་པའི་བདེན་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ཁོང་གི་མིང་ལ་བཀྲ་ཤིས་རབ་བརྟན་ཟེར་ཞིང་རང་ལོ་ ༣༣ཡིན་པ་དང་།  ཁ་ཆེམས་ཡི་གེ་ཞིག་རྒྱ་ཡིག་སྒང་བཞག་ཡོད་འདུག

དེ་མི་གནས་ཚུལ་རྒྱུས་ལོན་ལྟར་ན། ཁོང་གིས་ཉིན་དེར་རྨ་ཆུ་ལམ་གྱི་སྔོ་ཚལ་ཁྲོམ་རྭ་ནས་རང་ལུས་མེ་རུ་སྒྲོན་ཏེ། མེ་ལྕེའི་ཁྲོད་ནས་ “རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས།” ཞེས་འབོད་སྒྲ་སྒྲོག་བཞིན་གོམ་པ་བརྒྱ་ལྷག་ཕྱིན་ཏེ་ས་རུ་འགྱེད་ཡོད་འདུག དེ་རྗེས་ཀྱི་སྐར་མ་ཉི་ཤུ་ཙམ་ལ་རྒྱ་གཞུང་ཉེན་རྟོག་པ་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག

གཞན་ཡང་ཕྱི་ཚེས་༩ཉིན། རྒྱལ་གཅེས་ཁོང་གི་འདས་པོ་ཁོང་གི་བཟའ་ཟླ་བུ་ཕྲུག་རྣམས་ཉེན་རྟོག་པས་རྫོང་སྤྱི་བདེ་ལས་ཁུངས་ལ་བཙན་འཁྲིད་བྱས་ཡོད་པ་དང་། དེའི་རྗེས་ནང་མི་གཉེན་ཉེ་ཁག་ཅིག་རྫོང་ཉེན་རྟོག་ཁང་དུ་འདས་པོའི་སྐུ་ཕུང་ལེན་དུ་ཕྱིན་པའང་འཛིན་བཟུང་བྱས་ཡོད་འདུག་ལ། ད་ལྟ་རྨ་ཆུ་རྫོང་ཐོག་ཏུ་དམག་མི་མང་པོ་འགྲེམ་འཇོག་བྱས་ཡོད་འདུག

ཁོང་གི་མིང་ལ་བཀྲ་ཤིས་རབ་བརྟན་ཟེར་ཞིང་རང་ལོ་ ༣༣། ཡུལ་ནི་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཡུལ་ཚོའི་བྲག་ཐོ་རུ་ཆེན་གྱི་རྟེའུ་༼དུས༽ཤུལ་རུ་སྐོར། འདས་པོ་ཁོང་གི་ཕ་མིང་ལ་རྟམ་པེ་དང་མ་མིང་ལ་སྒྲོལ་དཀར་སྐྱིད། ཕ་མ་གཉིས་ཚེ་འདས་ཡིན་འདུག ཤུལ་དུ་བཟའ་ཟླ་དང་བུ་ཕྲུག་གཉིས་ལྷག་ཡོད་འདུག

བཀྲ་ཤིས་རབ་བརྟན་ལགས་ནི། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་རྒྱ་ནག་གཞུང་ལ་ཞི་རྒོལ་རང་སྲེག་གནང་མཁན་རྒྱལ་གཅེས་དཔའ་མོ་ཚེ་རིང་སྐྱིད་ཀྱི་ཕ་བསོད་ནམས་ཡེ་ཤེས་ཀྱི་ཕུ་བོའི་བུ་ཡིན་འདུག་ལ། ཚེ་རིང་སྐྱིད་དང་ཁོང་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་ས་ཆ་ཟླ་བ་གཅིག་པ་ཡིན་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།