choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལི་ཐང་ཨོ་ཐོག་ཏུ་ཞིའི་ངོ་རྒོལ་དང་རྒྱ་དམག་འབོར་ཆེན་འགྲེམས་འཇོག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༨ཉིན་སྤེལ། འདི་ག་གསར་ཁང་དུ་གནས་ཚུལ་གོ་ཐོས་བྱུང་བ་ལྟར་ན། ཟླ་འདིའི་ཚེས་༥ནས་མདོ་ཁམས་ལི་ཐང་ཨོ་ཐོག་ཐང་དཀར་མའི་ཤང་གི་མདུན་དུ་རྒན་ཁོག་དང་བྱིས་པ་ལ་སོགས་པའི་ཁྱོན་མི་གྲངས་༣༠༠ལྷག་ནས་ཉིན་གསུམ་རིང་ཁ་ལག་མ་ཟས་པར་ཟས་བཅད་ཀྱི་རྣམ་པའི་སྒོ་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་ད་དུང་མུ་མཐུད་ནས་ཞི་རྒོལ་བྱེད་ནས་བསྡད་ཡོད་པའི་གནས་ཐོན་ཡོད་འདུག དེ་ཡང་བོད་མི་དེ་ཚོའི་དགོས་འདུན་ཁག་ནི་སྤྲུལ་སྐུ་བསྟ་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློད་བཀྲོལ་མ་གཏོང་བར་མི་གཅིག་ཀྱང་ཕྱིར་ལོག་བྱ་རྒྱུ་མིན། ཞེས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ནག་ཉེས་གང་ཡང་མེད་པའི་ཐོག་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་རེད། ཐེངས་འདིར་ང་ཚོར་འུ་ཐུག་ནས་རེ་སྐུལ་ཞུ་བཞིན་ཡོད། གང་ཉིད་མེད་པའི་རྐྱེན་གྱིས་ཡུལ་ལུང་ནང་རྩྭ་ས་རྩོད་གླེང་དང་དབྱ་རྩྭ་དགུན་འབུ་ལ་སོགས་པའི་དོན་རྐྱེན་འོག་ཞི་བདེ་ལྷིང་འཇགས་མེད་སྟབས། རྒྱ་ནག་གཞུང་གིས་མི་སེར་གྱི་བདེ་སྡུག་ལ་གཟིགས་ནས་སྤྲུལ་སྐུ་མཆོག་མྱུར་དུ་གློད་བཀྲོལ་གཏོང་དགོས་ཞེས་ཞུ་བཞིན་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་དེ་ལས་ལྡོག་ཏེ་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་བྱས་མེད་པ་མ་ཟད། ལི་ཐང་དང་། དཀར་མཛེས། ཁམས་ལི་ཐང་ཉག་ཆུ་སོགས་ཀྱི་དམག་མི་བརྒྱ་ཕྲག་མང་པོ་ཐང་དཀར་མའི་ཕྱོགས་སུ་བཏང་ནས། དམག་རྩལ་དང་། དཔུང་ངོམ་སོགས་མི་སེར་རྣམས་ལ་འཇིག་སྐུལ་སོགས་བྱེད་བཞིན་ཡོད་འདུག དེའི་ནང་ནས་དྲག་ཆས་དམག་མིའི་གྱོན་ཆས་མི་འདྲ་བ་ལྗང་ཁྲ་དང་། ནག་པོ། སྔོ་ནག་བཅས་ཁག་གསུམ་ཡོད་པ་དེ་ཚོས་མི་སེར་རྣམས་ཀྱི་མཐའ་སྐོར་ཡོད་འདུག་པ་དང་། མི་སེར་རྣམས་ཀྱིས་ཞི་རྒོལ་ཁོ་ན་ལས་དྲག་པོའི་རྣམ་འགྱུར་གང་ཡང་སྟོན་བཞིན་ཡོད་མི་འདུག ཨོ་ཐོག་གི་ཞི་བའི་ལས་འགུལ་དེའི་ནང་ཞུགས་མཁན་རྣམས་ཨོ་ཐོག་འབྲོག་སྡེ་བརྒྱ་ཤོག་བཞི་ནས་སླེབས་པ་སྟེ། སྨད་མཐའ་མ། སྟོད་གནས། ཁྲོ་ཁོ། ཡིད་བཞིན། ཧོ་རྭ་མ། བཅིངས་གྲོལ་ཤོག་ཁ་བཅས་ནས་ཡིན་པ་རེད།

ཁ་སང་འཛིན་བཟུང་བྱས་ཡོད་པའི་མི་༩༠ལྷག་དེ་ཚོ་ཚང་མ་འགོ་ལོག་སྟོད་ཀྱི་གྲོང་ཚོ་སེང་མདའ་དང་། བར་གྲོང་། ལྷ་སྡེ་གྲོང་བཅས་ནས་ཡིན་འདུག་པ་དང་། མི་གྲངས་༢༠ལྷག་ཉེས་རྡུང་ཚད་མེད་བཏང་ཡོད་པའི་ནང་ནས་མང་པོ་ཞིག་དྲན་མེད་དུ་བརྒྱལ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ལམ་ཁ གཡས་གཡོན་གང་སར་ཁྲག་གི་ཤུལ་མཐོང་རྒྱུ་ཡོད་འདུག ད་དུང་མང་པོ་ཞིག་ཤི་གསོན་གང་ཡིན་གྱི་གནས་ཚུལ་ཛ་དྲག་ཆགས་ཡོད་འདུག ཚོད་རྩིས་བྱས་པ་ཡིན་ན་གྲོང་ཚོ་དེ་གསུམ་གྱི་ཁྱིམ་ཚང་རེའི་མི་རེ་བཙོན་འཇུག་བྱས་ཡོད་འདུག རྒྱ་ནག་གཞུང་གིས་ཞི་རྒོལ་བ་དེ་ཚོའི་སྦག་སྦག་དང་གྱོན་གོས་མང་པོ་ཞིག་དྲག་ཆས་དམག་མིས་བཙན་འཕྲོག་བྱས་ནས་རླངས་འཁོར་ནང་བླུགས་ནས་འཁྱེར་ཡོད་འདུག

ཁམས་འགོ་ལོག་གི་ཉེ་འཁྲིས་སུ་ཡོད་པའི་འཇང་པ་གྲོང་ནས་མི་མང་པོ་ཉག་ཆུའི་འོག་ནས་སྐོར་ཏེ་ཉག་ཆུ་རྫོང་ནང་སླེབས་དང་སླེབས་བཞིན་ཡོད་འདུག་པ་དང་། ལས་འགུལ་དེའི་ཁྲོད་འགོ་ལོག་སྟོད་སྨད་བར་གསུམ་གྱི་གྲོང་སྡེ་༢༡སྟེ། མགོ་ལོག་སྟོད་ཀྱི་གྲོང་སྡེ་སེང་མདའ་དང་། བར་གྲོང་། ལྷ་སྡེ་གྲོང་གསུམ་དང་། མགོ་ལོག་བར་གྱི་གྲོང་སྡེ་རྗེ་གཙུག་དང་། ཡར་གྲོང་། བྲག་དཀར། མགོ་ལོག་སྨད་ཀྱི་དགོན་སེར་གྲོང་། དབང་འདུས་གྲོང་། སྤོ་བ་གྲོང་། ཁུ་ཚོས་གྲོང་། གཟིག་རོང་གྲོང་། ཨོ་བསགས་གྲོང་། འཇང་པ་གྲོང་། ལྤགས་སྡུ་གྲོང་། འདུས་གྲོང་། ཐང་ངོ་། ཉྭ་གྲོང་། མ་ར་ཚོ། ཀླུ་ཞབས། མ་རྒན་གྲོང་། སྤྱང་ཀི་གྲོང་བཅས་ཚུད་ཡོད་པ་རེད།

གཞན་ཡང་ཟླ་འདིའི་ཚེས་༥ཉིན་ཁམས་ལི་ཐང་དང་མགོ་ལོག་ཨོ་ཐོག་བཅས་ནས་ངོ་ཚབ་འཐུས་མི་༦༠ཁྲི་ཏུང་དུ་ཞུ་གཏུགས་ཆེད་ཕེབས་པ་རྣམས་ཀྱིས་མུ་མཐུད་ནས་ཞུ་གཏུགས་བྱེད་བཞིན་ཡོད་པ་ལས། འཇུ་བཟུང་བྱས་ཡོད་པ་མ་རེད། འོན་ཀྱང་གསར་ཁང་ཁག་ཅིག་གིས་ཞུ་གཏུགས་བྱེད་མཁན་མི་༦༠དེ་ཚོ་འཛིན་བཟུང་བྱས་ཡོད་པའི་སྐོར་གནས་ཚུལ་གསལ་ཁ་མེད་པ་དེ་འདྲ་ཕྱིར་བསྒྲགས་བྱས་ཡོད་པར་བརྟེན་ཞུགས་གཏུགས་དེར་གནོད་སྐྱོན་ཕོག་རྒྱུར་ཉེན་ཁ་ཆེན་པོ་ཡོད་ལུགས་གནས་ཚུལ་མཁོད་སྤྲོད་གནང་མཁན་ནས་འགྲེལ་བརྗོད་གནང་སོང་བ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
སྙིང་སྟོབས་ལྡན་པའི་དཔའ་རྒོད་རྣམས་ཀྱི་ཆེད་སྡུག་སེམས་མཉམ་བསྐྱེད་དང་། ཐུགས་ཁུར་མཉམ་ལན་བྱེད་ཐུབ་པའི་འབོད་བལྐུལ་ཞུ་བཞིན་ཡོད། དྲ་་གྲོགས་ཚོ།
ཡ་ང་སྙིང་རྗེ་མེད་པའི་རྒྱ་ བཟང་ནག་དམར་པོའི་རང་ལུགས་ཀྱི་བྱ་སྤྱོད་གཟིགས་དང་བློ་བཟང
2 ༠༨༢༠༠༩༢༣༥༡
ཐུགས་རྗེ་ཆེ།
གུས་པས་ཀྱང་འདི་ཡི་སྐོར་ཟིན་བྲིས་ཁག་ཅིག་སྤེལ་ཡོད། ང་ཚོའི་གནས་སྟངས་འདི་རྒྱལ་སྤྱི་ནང་སླེབས་ཐུབ་པ་ཞིག་འབད་དགོས་ཨ་རོགས།



བརྗོད་གཞི་གཞན་ཁག་ལ་གཟིགས།