choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བོད་ཀྱི་གྲྭ་གཞོན་ཞིག་ལ་རྒྱ་ནག་གིས་ལོ་༦གི་ཁྲིམས་ཐག་གཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༠༩ཉིན་སྤེལ། རང་ལོ་༢༣ཡིན་པའི་གྲྭ་བ་ཞིག་ལ་རྒྱ་གཞུང་གིས་ཉེས་འགལ་བྱས་ཏེ་ལོ་༦གི་ཁྲིམས་ཐག་གཅད་པའི་གནས་ཚུལ་འདུག

Tibet-Lobsang sonam-2016འདི་ག་གསར་ཁང་གིས་གནས་ཚུལ་ལོན་པ་ལྟར་ན། མདོ་སྨད་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བསོད་ནམས་ལགས་ལ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་གཅད་དེ་མེན་ཡང་བཙོན་ཁང་དུ་བཅུག་ཡོད་པའི་གནས་ཚུལ་འདུག

དེ་ཡང་བཞུགས་སྒར་ངྷ་སར་ཡོད་པའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་༩ ཚེས་༡༡ཉིན་རྔ་བ་རྫོང་ཉེན་རྟོག་པས་རྔ་བ་རྫོང་མཁར་ནས་འཛིན་བཟུང་བཀག་ཉར་བྱས་ཏེ་ད་ལོའི་ཟླ་འདིའི་བར་དུ། གྲྭ་ཁོང་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་ཅི་ཡང་མ་བྱུང་བར་ལོ་གཅིག་ལྷག་འགོར་ཡོད་ཀྱང་། ད་ལོའི་ཕྱི་ཟླ་༡༡ ཚེས་༩ ཉིན་རྔ་བ་ཀིརྟི་དགོན་པའི་རང་ལོ་ ༢༣ ཅན་གྱི་གྲྭ་གཞོན་ཁོང་ལ་ཁྲོ་ཆུ་རྫོང་ནས་ལོ་༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་བརྡ་ལན་བྱུང་ཡོད་འདུག ཅེས་བརྗོད་སོང་།

ཁོང་ནི་རྔ་བ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ཕ་སྐལ་བཟང་དང་། མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་ཡིན་ཞིང་། མིང་སྲིང་བཞིའི་ཆེ་ཤོས་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།