choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྨ་ཆུ་ཁུལ་དུ་བོད་མི་ཞིག་གིས་སྐུ་ལུས་མེར་བསྲེགས་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༡༢ཚེས་༨ཉིན་སྤེལ། གནས་ཚུལ་ཐོན་གསལ་ལྟར་ན། དེ་རིང་བོད་མི་ཞིག་གིས་སྐུ་ལུས་མེར་བསྲེགས་གནང་ཡོད་པ་དང་མེར་བསྲེགས་འདིའི་དོན་རྐྱེན་གྱི་གནས་སྟངས་ལ་གཞིགས་ན་ཕལ་ཆེར་གསོན་ཐུབ་རྒྱུར་ཁག་པོ་ཆགས་ཡོད་འདུག

Tibet-Self-immolation-Protest-2016དེ་ཡང་༢༠༡༦ལོའི་ཟླ་༡༢ཚེས་༨ཉིན་བོད་ནང་གི་ཆུ་ཚོད་༦།༠༠ཙམ་ལ་བོད་མདོ་སྨད་རྨ་ཆུའི་རྫོང་ཐོག་ཏུ་བོད་མི་དེས་སྐུ་ལུས་མེར་བསྲེགས་བཏང་ཡོད་ཅིང༌། གནས་ཚུལ་ཁག་ཅིག་ཏུ་བོད་མི་དེ་བུད་མེད་ཅིག་ཡིན་ཚུལ་ཁྱབ་བཞིན་འདུག་ཀྱང་གསལ་ཁ་མི་འདུག

འོན་ཀྱང་སྤྱི་ཚོགས་དྲ་ལམ་གང་སར་བོད་མི་དེ་ཁྲོམ་གཞུང་ཞིག་དུ་མེ་འབར་བཞིན་དུ་རྒྱུག་འགྲོ་བ་བརྙན་ཐུང་དང་འདྲ་པར་སོགས་ཁྱབ་བཞིན་ཡོད་པ་ལས། ཁོང་ཕོ་མོ་གང་ཡིན་དང་འདས་གྲོངས་སུ་ཕྱིན་ཡོད་མེད། དེ་བཞིན་ཁོང་གི་མཚན་དང་ལོ་རྒྱུས། ལྷག་པར་དུ་གནད་དོན་གང་ཞིག་གི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་མིན་སོགས་ད་ལྟ་གསལ་ཁ་ཐོན་མི་འདུག

ཡང་འདྲ་པར་གཞན་ཞིག་གི་ནང་དུ་རྒྱ་ནག་གི་ཉེན་རྟོག་པས་ཁོང་གིས་སྐུ་ལུས་མེར་བསྲེགས་གནང་ས་ནས་ཁོང་གི་སྐུ་ཕུང་མར་འཁྱེར་བཞིན་ཡོད་པ་ཞིག་དྲ་ལམ་ཁག་ཏུ་མཐོང་རྒྱུ་འདུག

གཞན་ཡང་ཁོང་གིས་སྐུ་ལུས་མེར་བསྲེགས་གནང་བཞིན་པའི་ཐག་ཉེ་ས་ཞིག་ཏུ་བུད་མེད་ཅིག་གིས་དོན་རྐྱེན་དེ་དངོས་སུ་མཐོང་བ་དང་མཉམ་དུ། “རྒྱལ་བ་བསྟན་འཛིན་རྒྱལ་མཚོ་མཁྱེན། ཕྱི་མ་ན་ངན་སོང་མེད་པའི་སྐྱབས་འཇུག བར་དོ་ན་འཇིགས་སྐྲག་མེད་པའི་སྐྱབས་འཇུག” ཅེས་སོགས་གསོལ་འདེབས་སྨོན་ལམ་སྒྲོག་བཞིན་པ་ཐོས་རྒྱུ་འདུག

ད་བར་བོད་ནང་དུ་བོད་མི་༡༤༠ལྷག་གིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་འཁྲེགས་འཛིན་གྱི་སྲིད་བྱུས་ལ་ཞི་བས་ངོ་རྒོལ་གནང་ཡོད་ཅིང༌། ཁོང་རྣམ་པ་ཕལ་ཆེ་བས་ྋགོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་དང་བོད་ལ་རང་དབང་དགོས་པའི་འབོད་ཚིགས་བསྒྲགས་ཡོད་པ་རེད།།

གསར་འགོད་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།