choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཉག་ཆུ་ཁར་བོད་མི་༩༠འཛིན་བཟུང་དང་༢༠ལྷག་རྨས་སྐྱོན་ཕོཌ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༨ཉིན་སྤེལ། ཟླ་༡༢ཚེས་༧ཉིན་འདི་ག་གསར་ཁང་དུ་ཁུངས་ལྡན་གནས་ཚུལ་བར་གཞིགས་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་བཀྲོལ་ཆེད་ཁམས་ལི་ཐང་ཉག་ཆུ་རྫོང་གི་ཨོ་ཐོག་མགོ་ལོག་དང་། འབྲོག་པ་སོགས་མི་སེར་༣༠༠ལྷག་གིས་ཟླ་འདིའི་ཚེས་༥ནས་འགོ་འཛུགས་ཀྱིས་ཚེས་༧བར་མུ་མཐུད་ཟས་བཅད་ཀྱི་ཞི་རྒོལ་བྱས་ཡོད་པ་དང་། མགོ་ལོག་སྟོད་ནས་ཡིན་པའི་རྒྱ་བཀྲ་འཕྲིན་ལས་དང་ཨོ་ཐོག་འབྲོག་ཁུལ་གྱི་སྟོད་གནས་རོང་ཞེས་པ་ནས་བློ་བཟང་བྱང་ཆུབ་གཉིས་ཀྱིས་དབུས་མི་མང་༦༠ཙམ་ནས་ས་ཁུལ་ཁུལ་དེ་དག་གི་ངོ་ཚབ་ལྟ་བུ་ཞུས་ཏེ་ཉག་ཆུ་རྫོང་དང་དར་མདོ་ཁུལ་དུ་ཡོད་པའི་རྒྱ་གཞུང་གི་དཔོན་རིགས་ཚོ་དང་མཉམ་དུ་གྲོས་མོལ་བྱས་ཡོད་མོད། ད་ལྟ་ཁོང་རྣམས་འཛིན་བཟུང་བྱས་ཡོད་མེད་གནས་ཚུལ་གསལ་ཁ་མེད་པ་དང་། ཉག་ཆུ་རྫོང་དུ་བོད་མི་བརྒྱ་ཕྲག་མང་པོས་རིན་པོ་ཆེ་གློད་གྲོལ་ཡོང་ཆེད་དམག་དཔུང་གིས་ཇི་ཙམ་ཉེས་བརྡུང་བཏང་དང་གཏོང་མུ་ལ་མ་ལྟོས་པར་ཞི་བའི་ངོ་རྒོལ་དང་ཟས་བཅད་ངོ་རྒོལ་བྱས་རྐྱེན་བོད་མི་༩༠ལྷག་ཉེས་བརྡུང་ཚད་མེད་བཏང་སྟེ་འཛིན་བཟུང་གིས་ཉག་ཆུ་རྫོང་ཉེ་འགྲམ་ཞིག་ཏུ་བཀག་ཉར་བྱས་ཡོད་པའི་ནང་ནས་ཤེས་རྟོགས་བྱུང་བ་མགོ་ལོག་གདུགས་དཀར་ཚེ་རིང་དང་སྒ་བ་ཚེ་རིང་དོན་གྲུབ། ལྷ་མ་དོན་འདུ། རྒྱ་མེ་ཨ་ཤར། སྒ་བ་བློ་དོན། རག་བྱི་ངག་སྡེ། ཇ་ལི་འཇམ་འཕྲིན། བྲོ་ཁོ་ཨ་དགེ། འབྲུག་རྒྱ་ཐར་སོགས་ཡོད་པ་དང་། དེའི་ནང་མི་༢༠ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་པ་མ་ཟད། ཉག་ཆུ་གྲོང་གཡས་གཡོན་གང་སའི་ཟ་ཁང་དང་མགྲོན་ཁང་ཚང་མ་སྒོ་བརྒྱབ་ཡོད་པ་རེད།

རྒྱ་དམར་གཞུང་གི་དྲག་ཆས་ཉེན་རྟོག་པ་དང་དམག་དཔུང་བརྒྱ་ཕྲག་མང་པོ་ཉག་ཆུ་དང་། མགོ་ལོག་སྟོད་སྨད་བར་གསུམ་དང་ཨོ་ཐོག་འབྲོག་ཁུལ་སོགས་གང་སར་འགྲེམས་འཇོག་བྱས་ཏེ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག ཡང་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་འཛིན་བཟུང་བཀག་ཉར་བྱས་ཏེ་ལོ་ངོ་དུ་མ་འགོར་ཡང་ད་དུང་གློད་བཀྲོལ་བྱས་མེད་པ་བཅས་ལ་བརྟེན། མི་སེར་རྣམས་སེམས་ཀྱིས་མ་བཟོད་པར་རྒྱ་ནག་གཞུང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་བཀྲོལ་དགོས་པའི་འབོད་སྐུལ་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད། ཟླ་འདིའི་ཚེས་༥ནས་མགོ་ལོག་དང་ཨོ་ཐོག་འབྲོག་པ་སོགས་ཀྱི་མི་སེར་བརྒྱ་ཕྲག་མང་པོས་ད་ལྟ་ཁམས་ཉག་ཆུ་རྫོང་སྲིད་གཞུང་གི་སྒོ་རྩར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་བཀྲོལ་གཏོང་དགོས་ལུགས་དགོས་འདུན་བཅས་ཟས་བཅད་ངོ་རྒོལ་བྱེད་ནས་ཉིན་གསུམ་ཕྱིན་ཡོད་འདུག་པ་དང་། རྒྱ་ནག་གཞུང་གིས་ལི་ཐང་དང་། དཀར་མཛེས། སི་ཁྲོན། ཉག་ཆུ་རྫོང་སོགས་ཀྱི་ཉེན་རྟོག་པ་དང་དྲག་ཆས་དམག་མི་བརྒྱ་ཕྲག་མང་པོ་བཏང་སྟེ་ཞི་རྒོལ་བ་རྣམས་ཀྱི་མཐའ་བསྐོར་ཡོད་པ་རེད། མི་སེར་ཚོས་རྒྱ་ནག་གཞུང་ལ་ང་ཚོའི་བླ་མ་ལ་ནག་ཉེས་གང་ཡང་མེད། འཕྲལ་དུ་གློད་བཀྲོལ་གཏོང་དགོས། ང་ཚོར་བླ་མ་མེད་དུས་མི་སེར་ནང་ཁུལ་ས་རྩོད་ཆུ་རྩོད་དང་མི་ཤི་ན་ཚ་སོགས་ཡོང་གི་ཡོད་ལུགས་དང་། དེ་དག་འབྱུང་སྐབས་ང་ཚོ་མགོན་མེད་སྐྱབས་མེད་དུ་གྱུར་ཏེ་དཀའ་སྡུག་ཚད་མེད་ཡོང་གིི་འདུག་ཅེས་ཞུ་འབོད་བྱས་ཡོད་པ་རེད། ང་ཚོས་དྲག་པོ་དང་ཁ་བྲལ་གྱི་ལས་འགུལ་གང་ཡང་སྤེལ་གྱི་མེད་པར་འུ་ཐུག་ཐབས་ཟད་ཀྱིས་རེ་སྐུལ་ཞུ་བཞིན་ཡོད་ཅེས་ཞུས་ཡོད་འདུག་ལ། ཞི་བའི་ལས་འགུལ་འདི་ཡང་ང་ཚོ་མི་མང་གིས་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློད་གྲོལ་ཡོང་ཆེད་ཁོ་ནར་སྤེལ་བ་ལས་ཕྱི་ཡི་གནོན་ཤུགས་དང་ཆབ་སྲིད་བཅས་ལ་འབྲེལ་བ་གང་ཡང་མེད་ལུགས་འབྲེལ་ཡོད་རྒྱ་གཞུང་གི་དཔོན་རིགས་ཚོར་འགྲེལ་བརྗོད་ཞུས་དང་ཞུ་བཞིན་ཡོད་པ་རེད།

གཞན་ཡང་མགོ་ལོག་ནས་ཡིན་པ་ཚེ་རིང་དེང་དེང་དང་ཚེ་རིང་གྲགས་པ། ཚེ་རིང་བཅས་བུ་སྤུན་གསུམ་དང་བློ་བཟང་སོགས་མི་གྲངས་༦གིས་རྒྱ་ནག་གཞུང་གི་འགོ་ཁྲིད་དང་ལས་ཁུངས་རིམ་པ་བརྒྱུད་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་གློད་གྲོལ་ཡོང་ཆེད་ཞུ་གཏུགས་རིམ་པ་ཞུས་མཐར། རྒྱ་གཞུང་གིས་སླར་ཡང་ཁྲིམས་བཤེར་བྱེད་ཆོག་པའི་ཆོག་མཆན་ཡོད་ལུགས་བཤད་ཡོད་ཀྱང་། མཐར་རིན་པོ་ཆེའི་ཁྲིམས་ཐག་བཅད་ཡོད་མེད་ཀྱི་གཞུང་འབྲེལ་ཡིག་གང་ཡང་མ་བརྙེད་ལུགས་བརྗོད་ནས་འགོ་སྐོར་བཏང་སྟེ་ཕན་འབྲས་གང་སོན་མེད་པ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི། སྤྱི་ལོ་༡༩༥༠ལོར་ཁམས་ལི་ཐང་ཁུལ་དུ་སྐུ་འཁྲུངས་ཤིང་། གང་ཉིད་ཀྱིས་ས་གནས་དེར་སྨན་སྦྱོར་མཐུན་རྐྱེན་དང་ཤེས་ཡོན་སློབ་སྦྱོང་སོགས་མི་སེར་ལ་ཕན་པའི་ཕྱག་ལས་གང་མང་གནང་བ་བཅས་ལ་བརྟེན། སྤྱི་ལོ་༢༠༠༢ཟླ་༤པའི་ཚེས་༧ཉིན་རྒྱ་ནག་གཞུང་གིས་འབར་རྫས་གཏོར་རྒོལ་གྱི་ལས་འགུལ་སྤེལ་བའི་ཉེས་འཛུགས་འོག་གང་ཉིད་ཀྱི་སྐུ་མཆེད་བློ་བཟང་དོན་གྲུབ་དང་ལྷན་དུ་འཛིན་བཟུང་བྱས་པ་དང་། དྲང་བདེན་མིན་པའི་ཁྲིམས་ཆད་དེའི་འོག་དཀར་མཛེས་འབྲིང་རིམ་མི་མང་ཁྲིམས་ཁང་གིས་སྤྱི་ལོ་༢༠༠༢ཟླ་༡༢་པའི་ཚེས་༢ཉིན་བློ་བཟང་དོན་གྲུབ་ལགས་དེ་མ་ཉིད་སྲོག་ཐོག་ཏུ་བཏང་བ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལོ་གཉིས་ཕར་འགྱང་གི་སྲོག་ཐོག་ཁྲིམས་ཆད་བཟོས་པ་རེད། འོན་ཀྱང་དེ་རྗེས་རྒྱལ་སྤྱིས་གནོན་ཤུགས་ཀྱིས་སྤྱི་ལོ་༢༠༠༥ཟླ་༡ཚེས་༢༦ཉིན་ཕྱིར་ཚེ་བཙོན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༧ཉིན་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཁམས་ལི་ཐང་ཉག་ཆུ་རུ་ད་ལྟའི་ཆར་ཛ་དྲག་ཤིན་ཏུ་འདུག་པའི་རྒྱལ་ཁབ་ཕྱི་ནང་ཀུན་དུ་བཞུགས་པའི་བོད་རིགས་སྤུན་ཟླ་གཙོས་པའི་གྲོགས་མཆོག་རྣམས་ཀྱིས་རྒྱབ་སྐྱོར་གང་ཐུབ་གནང་རོགས།
གངས་ལྗོངས་ཕོ་ཉས།



བརྗོད་གཞི་གཞན་ཁག་ལ་གཟིགས།