choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བཙུན་མ་རྣམས་ལ་རྒྱ་གཞུང་གིས་དམག་ཆས་བཙན་གྱིས་གྱོན་བཅུག་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༠༢ཉིན་སྤེལ། བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་བཙུན་མ་རྣམས་ལ་རྒྱ་གཞུང་གིས་དམག་ཆས་བཙན་གྱིས་གྱོན་བཅུག་སྟེ་བོད་སྐད་ཀྱིས་བོད་རྒྱ་གཉིས་ཨ་མ་གཅིག་གི་ཕྲུ་གུ་ཡིན་ཞེས་པའི་གླུ་གཞས་གཏོང་རུ་བཅུག་འདུག

དེ་ཡང་བརྙན་ཐུང་བརྒྱུད་དེ་ཐོན་པའི་གནས་ཚུལ་དེ་ལས། བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་བཙུན་མ་རྣམས་ལ་རྒྱ་གཞུང་གིས་དམག་ཆས་བཙན་གྱིས་གྱོན་བཅུག་སྟེ་བོད་སྐད་ཀྱིས་བོད་རྒྱ་གཉིས་ཨ་མ་གཅིག་གི་ཕྲུ་གུ་ཡིན་ཞེས་པའི་གླུ་གཞས་གཏོང་རུ་བཅུག་ཅིང་། དེ་བཞིན་བཙུན་མ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་ཞོར་དམག་སྦྱོང་གི་གསབ་སྦྱོང་སྤྲད་ཡོད་པ་བཅས་ཀྱི་གནས་ཚུལ་འདུག

ད་ལོའི་ཕྱི་ཟླ་ ༧ ཚེས་ ༢༠ ནས་བླ་རུང་སྒར་དུ་རྒྱ་གཞུང་གིས་གྲྭ་ཤག་གཏོར་བཤིག་གི་ལས་དོན་མགོ་བཙུགས་ཡོད་ལ། བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་ལ་༼བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་གསོའི་སྒོ་ནས་རང་ཡུལ་མངགས་པའི་ཇོ་སེར་རྣམས་ཀྱི་དམ་བཅའ་ཡི་གེ་༽ ཞེས་པ་ཞིག་བོད་རྒྱ་གཉིས་ཀྱི་སྟེང་འཁོད་ཅིང་། དེའི་ནང་དུ་སླར་བླ་རུང་སྒར་དུ་ཕྱིར་ལོག་གནང་རྒྱུ་མིན་ཅེས་པའི་མཚན་རྟགས་བཀོད་དུ་བཅུག་པ། གསེར་རྟ་རིག་ནང་བསྟན་སློབ་གླིང་གི་དྲིལ་བསྒྲགས་སྒྲིག་བཅོས་ལས་དོན་གྱི་བླང་བྱ་ལྟར། ང་རང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་ཁ་བྲལ་ཏེ་ཕ་ཡུལ་དུ་སླེབས་རྗེས། སྔར་ལྟར་རྒྱལ་གཅེས་ཆོས་གཅེས་དང། སྡོམ་སྲུང་། ཁྲིམས་བརྩི་བྱེད་པ་མ་ཟད། ཕྱིར་བླ་རུང་སྔ་རིག་ནང་བསྟན་སློབ་གླིང་དུ་འོང་ནས་བསྟན་འདོད་མི་བྱེད་པའི་དམ་བཅའ་འཇོག་ཏུ་བཅུག་ཡོད་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།