choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མཐའ་མཚམས་མང་ཚོགས་ཀྱི་ལག་ཁྱེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༡།༠༧ཉིན་སྤེལ། ཀྲུང་ཁྲའོ་དང་ཀྲུང་བལ། ཀྲུང་གོ་དང་རྒྱ་གར་བཅས་ཀྱི"མཐའ་མཚམས་མང་ཚོགས་ཀྱི་ལག་ཁྱེར"གསར་པ་སྤྱོད་འགོ་ཚུགས་པ་ཡོད་འདུག

འདི་གར་གནས་ཚུལ་ལོན་པ་ལྟར་ན། འདི་ཟླའི་ཕྱི་ཚེས་༡ཉིན་ནས་བཟུང་། ཀྲུང་གོ་དང་ཁྲའོ་ཞན། ཀྲུང་གོ་དང་བལ་ཡུལ། ཀྲུང་གོ་དང་རྒྱ་གར་བཅས་ཀྱི"མཐའ་མཚམས་མང་ཚོགས་ཀྱི་ལག་ཁྱེར"གསར་པ་དེ་ཅི་ལིན་ཞིང་ཆེན་དང་། བོད་རང་སྐྱོང་ལྗོངས་སོགས་ནས་དངོས་སུ་སྤྱོད་འགོ་ཚུགས་པ་ཡོད་པར་རྒྱ་ནག་བརྒྱུད་ལམ་ཁག་ཏུ་བཀོད་འདུག

དེ་ཡང་ཀྲུང་གོས་དུས་ཡུན་ལོ་ངོ་༣རིང་ལ"མཐའ་མཚམས་མང་ཚོགས་ཀྱི་ལག་ཁྱེར"པར་གཞི་བཟོ་བཅོས་རིམ་སྤོར་གྱི་ལས་ཀ་ལེགས་གྲུབ་བྱུང་བ་མཚོན་ཡོད་པ་མ་ཟད། ངོ་སྤྲོད་བྱས་པ་ལྟར་ན། ཀྲུང་གོའི་སྲིད་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་མཚམས་དོ་དམ་ལམ་ལུགས་ཀྱི་ཆིངས་ཡིག་བཞག་པར་གཞིགས་ན། ༡༩༥༥ལོ་ནས་བཟུང་། ཀྲུང་གོའི་རྒྱལ་ཁབ་ཀྱིས་ཁྲའོ་ཞན་དང་མོང་གོལ། བལ་ཡུལ། ཝེ་ཐེ་ནམ། ལོ་སི། འབར་མ། རྒྱ་གར་སོགས་སྐམ་སའི་ཁྱིམ་མཚེས་རྒྱལ་ཁབ་༧དང་རྒྱལ་མཚམས་བརྒལ་ཆོག་པའི་ལག་ཁྱེར་སྤྱོད་འགོ་ཚུགས་ཤིང་། བསྡུས་མིང་དུ"མཐའ་མཚམས་མང་ཚོགས་ཀྱི་ལག་ཁྱེར"ཅེས་འབོད།
     "མཐའ་མཚམས་མང་ཚོགས་ཀྱི་ལག་ཁྱེར"གསར་པ་ལ་གཞུང་དོན་དཔྱད་གཞིར་འཛིན་པ་དང་། སྒེར་པར་ཕྱིར་སྐྱོད་ལག་ཁྱེར་སྤྲོད་པའི་དོ་དམ་བྱེད་སྟངས་དཔྱད་གཞིར་བཟུང་ནས། རྫུན་བཟོ་སྔོན་འགོག་དང་གློག་རྡུལ་དང་རྩིས་འཁོར་གྱིས་བལྟ་ཐུབ་པ། འདྲ་པར་འཚོལ་བསྡུ་དང་རང་འདེམས་འགག་སྒྲོལ་སོགས་ཀྱི་བྱེད་ནུས་བསྣན་ཡོད་པ་རེད། མཐའ་མཚམས་ས་ཁུལ་གྱི་རྒྱུན་སྡོད་མང་ཚོགས་ཀྱིས"མཐའ་མཚམས་མང་ཚོགས་ཀྱི་ལག་ཁྱེར"གསར་པ་ལེན་རེ་ཞུས་ནས་བླངས་ཆོག་པ་དང་། འདྲ་པར་སྤྲོད་མི་དགོས་པར་རང་སར་པར་བླངས་ཆོག་པ་རེད། དུས་མཚུངས་སུ། ལག་ཁྱེར་དོ་དམ་མ་ལག་དང་འགག་སྒོ་བརྟག་དཔྱད་ཞིབ་བཤེར་མ་ལག་གཉིས་ཕན་ནུས་ལྡན་པའི་ངང་སྦྲེལ་མཐུད་བྱས་ཡོད་པས། མཐའ་མཚམས་མང་ཚོགས་ཀྱིས"མཐའ་མཚམས་མང་ཚོགས་ཀྱི་ལག་ཁྱེར"པར་གཞི་གསར་པ་འཁྱེར་སྟེ་རིམ་པར་འགག་སྒོ་ནས་རང་འདེམས་ཀྱིས་བགྲོད་ཆོག་པ་རེད། འགག་སྒོ་ལས་བགྲོད་པའི་མྱུར་ཚད་མགྱོགས་སུ་སོང་བས། མང་ཚོགས་ཀྱི་ཐོན་སྐྱེད་དང་ལས་ཀ་སྟབས་བདེ་རུ་སོང་བ་རེད།


     ༢༠༡༤ཟླ་༡༠ཚེས་༠༡ཉིན། ༢༠༡༥ལོའི་ཟླ་༡༡ཚེས་༡ཉིན། ཀྲུང་གོ་དང་ཡོ་ནན། ཀྲུང་གོ་དང་མོང་གོལ། ཀྲུང་གོ་དང་ལོ་སི། ཀྲུང་གོ་དང་འབར་མ་བཅས་ཀྱི"མཐའ་མཚམས་མང་ཚོགས་ཀྱི་ལག་ཁྱེར"གསར་པ་སྔ་གཞུག་ཏུ་ཀོང་ཞི་དང་། ཡུན་ནན། ཤིན་ཅང་། ནང་སོག་སོགས་ཞིང་ཆེན་དུ་སྤྱད་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། "མཐའ་མཚམས་མང་ཚོགས་ཀྱི་ལག་ཁྱེར"གསར་པ་སྒྱུར་བཅོས་བྱས་རྗེས། སྤྱི་བདེ་མཐའ་སྲུང་པུའུ་ནས་སྔར་བཞིན་མང་ཚོགས་ལ་རིན་མི་དགོས་པར་ལག་ཁྱེར་བཟོ་བཞིན་ཡོད་པ་རེད། གོ་རིམ་རྗེས་མར། སྤྱི་བདེ་མཐའ་སྲུང་པུའུ་ནས"མཐའ་མཚམས་མང་ཚོགས་ཀྱི་ལག་ཁྱེར"དྲ་ཐོག་ནས་ལས་སྒོ་བདག་སྤྲོད་བྱེད་རྒྱུ་དང་། མང་ཚོགས་སྟབས་བདེ་ཡོང་བར་བྱེད་ཐབས་སྔར་བས་རྒྱ་བསྐྱེད་དེ། མཐའ་མཚམས་ཀྱི་མང་ཚོགས་རྣམས་འདྲི་རྩད་དང་ལག་ཁྱེར་བཟོ་བར་སྟབས་ཇེ་བདེ་ཡོང་བར་བྱས་པ་རེད་ཅེས་འཁོད་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།