choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བླ་རུང་ནས་ཕུད་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་སློབ་གསོ་སྤྲད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༡༡ཚེས་༤ཉིན་སྤེལ། གསེར་རྟ་བླ་རུང་སྒར་ནས་ཕྱིར་ཕུད་བཏང་ཟིན་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུངས་གཏོགས་དགེ་འདུན་པ་དང་བཙུན་མ་ཁག་ཅིག་ལ་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

Serta-Tibet-Monks-Nuns-TAR-2016འདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལ་གཞིགས་ན། འདི་ལོའི་སྤྱི་ཟླ་༨པའི་ནས་གསེར་རྟ་བླ་རུང་སྒར་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་དང་བཙུན་མ་སྟོང་མཚོ་མང་པོ་ཕྱིར་ཕུད་བཏང་དང་གཏོང་བཞིན་ཡོད་ཅིང༌།  དེ་དག་ལས་ཕལ་ཆེ་བ་བོད་ཀྱི་ས་ཁུལ་གང་ས་ནས་སློབ་གཉེར་གྱི་ཆེད་དུ་ཕེབས་མཁན་ཤ་སྟག་ཡིན་པ་རེད།

བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་གི་ས་གནས་དབང་འཛིན་དཔོན་རིགས་ཚོས་བཙན་འཁྲིད་བྱས་ཏེ་ད་ལྟ་བོད་ཀྱི་ཀོང་པོ་ཉིང་ཁྲི་ས་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་སློབ་གསོ་སྤྲད་དང་སྤྲོད་བཞིན་ཡོད་པ་དང༌། ལྷག་པར་དུ་ཏང་གི་སྲིད་ཇུས་ཞེས་རྒྱ་ནག་དམར་པོའི་གཞུང་གི་སྲིད་ཇུས་ཁག་ལ་སློབ་སྦྱོང་བྱེད་བཅུག་སྟེ་ད་བར་ཟླ་ངོ་༢ལྷག་ཙམ་ཕྱིན་ཡོད་ལུགས་གསར་འགྱུར་གནང་མཁན་གྱིས་འགྲེལ་བརྗོད་གནང་སོང༌།

ས་གནས་དེར་དང་ཐོག་སེར་རྟ་བླ་རུང་སྒར་ནས་སྡོད་མ་བཅུག་པར་ཕྱིར་ཕུད་བཏང་བའི་གྲྭ་བཙན་༡༠༠ལྷག་ཡོད་པ་དང་ད་ལྟ་ཕལ་ཆེར་བ་ས་གནས་སོ་སོར་མངགས་གཏོང་བྱས་འདུག་པ་དང་ཤུལ་ཏུ་ཁག་ཅིག་ལ་ད་དུང་མི་མཐུད་དུ་རྒྱ་ནག་གི་ཁྲིམས་དང་བོད་རང་སྐྱོང་ཟེར་བའི་ཁོངས་སུ་ཞིང་འབྲོག་དམངས་ཚོགས་གཟིགས་སྐྱོང་གནང་གི་ཡོད་པ་སོགས་ཀྱི་ཟབ་སྤྱོང་སོགས་སྤྲོད་བཞིན་ཡོད་འདུག

དེ་གཞན་དུ་ཚེས་༣༠་ཉིན་མགོ་ལོག་ཕྱོགས་ཀྱི་དགེ་བཙུན་༤༠༠་ལྷག་དང༌། ཡུལ་ཤུལ་ཕྱོགས་ཀྱི་དགེ་བཙུན་༣༠༠་བཅས་བསྡོམས་པས་ས་ཕྱོགས་འདྲ་མིན་གྱི་དགེ་འདུན་པ་དང་བཙུན་མ་མང་པོ་གསེར་རྟ་སྒར་ནས་ཕྱིར་ཕུད་བྱས་འདུག

གཞན་ཡང་སྤྱི་ཟླ་༩པའི་ནང་བླ་རུང་སྒར་ནས་ཕྱིར་ཕུད་བཏང་པའི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་རེ་བོ་ཆེའི་གྲྭ་བཙུན་ ༣༠༠ཙམ་དང༌། རྫ་སེར་ཤུལ་ཁུལ་གྱི་གྲྭ་བཙུན་རྣམས་རང་གི་ཕ་ཡུལ་དུ་འབྱོར་མ་ཐག་ས་གནས་ཉེན་རྟོག་པས་བཙན་དབང་གིས་བཀག་ཉར་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་ནག་གི་འཆར་གཞི་ཡིག་ཆ་གཞིར་བཞག་ན། སྤྱི་ལོ་༢༠༡༧་ཟླ་༩་ཚེས་༣༠་ནང་ཚུད་ལ་གསེར་རྟ་བླ་རུང་ཆོས་སྒར་གྱི་ཕྱིར་ཕུད་པའི་མི་གྲངས་དང་ཁང་པ་བཤིག་གྲངས་མཐུན་དགོས་པའི་ཐོག གསེར་རྟ་བླ་རུང་ཆོས་སྒར་དུ་བསྡོམས་མི་གྲངས་༥༠༠༠་ལ་ཚོད་འཛིན་བྱེད་རྒྱུ་དང་ཕྱིར་འབུད་བྱ་རྒྱུའི་གྲྭ་པ་དང་བཙུན་མའི་མིང་ཐོ་རྣམས། གོང་རིམ་སྲིད་གཞུང་ལ་རྩིས་སྤྲོད་བྱས་ཏེ། ཕྱི་ཟླ་༡༠ཚེས་༣༠སྔོན་ལ་ཕྱིར་བུད་བཏང་ཚར་དགོས་པ་དང༌། དགོན་པར་གཏན་སྡོད་མི་གྲངས་༥༠༠༠་ཡི་ཁྲོད་ཞིང་ཆེན་གཞན་གྱི་གྲྭ་བཙུན་༡༠༠༠་ལས་བརྒལ་མི་ཆོག་པ་སོགས་འཆར་གཞི་མང་པོ་བཟོས་ཡོད་འདུག་པ་བཅས།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།