choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལོ་བཞིའི་བཙོན་འཇུག་དུས་ཡུན་རྫོགས་པའི་གླུ་བ་གཉིས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༠༦ཉིན་སྤེལ། བོད་ཀྱི་གཞས་པ་གཉིས་ཀྱིས་ཆེད་སྒྲིག་འོད་སྡེར་༼སོས་མེད་རྨ་ཁའི་ཟུག་གཟེར༽ ཞེས་པ་འགྲེམས་སྤེལ་ཆེད་རྒྱ་ནག་གཞུང་གིས་ཉེས་མེད་བཙོན་འཇུག་ལོ་༤ལྷག་བྱས་པའི་དུས་རྫོགས་ཏེ་ཀློད་གྲོལ་བྱས་འདུག

altའདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བུར་གཞིགས་ན། བོད་ཀྱི་གླུ་བ་གཉིས་རྒྱ་ནག་གཞུང་གིས་བཙན་འཁྲིད་ཀྱིས་ལོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་གཅད་པའི་དུས་ཡུན་འདི་ཟླའི་ཕྱི་ཚེས་༠༣ཉིན་རྫོགས་ཏེ་ཀློད་གྲོལ་བཏང་ཡོད་འདུག

དེ་ཡང་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ལྟར་ན།
ཟླ་འདིའི་ཕྱི་ཚེས་ ༣ ཉིན་མདོ་སྨད་རྔ་པ་ཁུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་དང་པོའི་གླུ་བ་པདྨ་འཕྲིན་ལས་དང་། གླུ་བ་ཕྱག་རྡོར་གཉིས་ཀྱི་ལོ་ ༤ བཙོན་འཇུག་གི་དུས་ཡུན་ཚང་སྟེ་ཀློད་གྲོལ་བཏང་ཡོད་པ་དང་། ཁོང་རྣམ་པ་གཉིས་སི་ཁྲོན་གྱི་མེན་ཡཱང་བཙོན་ཁང་ནས་ཕྱིར་ཕ་ཡུལ་དུ་འབྱོར་རྗེས་བཙོན་གྲོགས་ཐེའུ་རང་ལགས་གཙོས་པའི་བོད་ཀྱི་རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར་བུད་དྷ། བཙོན་ཟུར་ཨ་ཁུ་འཇངས་ཁོ་དང་སངྒྷ་སོགས་ཀྱིས་ཕེབས་བསུ་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་བཞིན་ཁོང་རྣམ་པ་གཉིས་སྟེ། གླུ་བ་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས་ཀྱིས་རང་ལུས་མེར་སྲེག་གཙོས་བོད་ནང་གི་གནས་སྟངས་དང་། ༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ། ཀིརྟི་རིན་པོ་ཆེ་བཅས་ལ་བསྟོད་གླུ་དང་དྲན་གླུ་བླངས་པ། སྲིད་སྐྱོང་བློ་བཟང་སེང་གེར་བསྟོད་གླུ་བཅས་བླངས་ཡོད་པའི་ཆེད་སྒྲིག་འོད་སྡེར་༼སོས་མེད་རྨ་ཁའི་ཟུག་གཟེར༽ ཞེས་པ་འགྲེམས་སྤེལ་བྱས་པའི་ཉིན་ཤས་རྗེས་སུ། རྨ་ཆུ་རྫོང་ཐོག་ཏུ་འཛིན་བཟུང་བྱས་ཏེ། ཟླ་ ༦ ལྷག་གི་རིང་རྔ་པ་རྫོང་དུ་བཀག་ཉར་བྱས་པ་དང་། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༢ ནང་ཁོང་གཉིས་ལ་ལོ་ ༤ རེའི་ཁྲིམས་ཐག་བཅད་དེ་སི་ཁྲོན་གྱི་མེན་ཡཱང་བཙོན་ཁང་དུ་བཀག་བསྐྱིལ་བྱས་ཡོད་འདུག

༼སོས་མེད་རྨ་ཁའི་ཟུག་གཟེར།༽ཞེས་པའི་གླུ་གཞས་འོད་སྡེར་དེའི་ནང་། ༡ གངས་རིའི་མགོན། ༢ སྐྱོ་འབོད། ༣ ང་ཡི་རྩ་བའི་བླ་མ། ༤ ངོ་ཚ། ༥ བཟོད་མེད་ཀྱི་སྡུག་བསྔལ། ༦ བདེན་དོན་ཁྲག་གི་དར་ཆ། ༧ འཐད་པ་ཡིན། ༨ སྲིན་པོ། ༩ མག་མོག་བྱང་ཐང་གི་ན་བུན། ༡༠ ཡིད་ཐང་ཆད་འགྲོ། བཅས་ཁྱོན་གླུ་གཞས་བཅུ་གཉིས་ཡོད་པ་རེད། དེ་མིན་རོལ་མོའི་རམ་འདེགས་པ་མཁྱེན་རབ་དང་ཚིག་རྩོམ་པ་པོ་ཉག་ལྡོམ་པོ་གཉིས་ལ་ད་ལྟའི་ཆར་གནས་ཚུལ་ག་རེ་བྱུང་ཡོད་མེད་ཤེས་རྟོགས་བྱུང་མེད་པ་རེད།

གླུ་བ་པདྨ་འཕྲིན་ལས་ལགས་རང་ལོ་ ༢༥ཡིན་ཞིང་། ཁོང་གི་ཕ་མིང་ལ་འཛམ་ལྷ་དང་མ་མིང་ལ་ཚེ་རིས་མ་ཟེར་བ་དང་། གླུ་བ་ཕྱག་རྡོར་ལགས་རང་ལོ་ ༣༥ཡིན་ཞིང་ཕ་མིང་ལ་མཆོག་ལྡན་མདོ་བ་ཟེར་ཞིང་། ཁོང་ནི་རྒྱལ་གཅེས་པ་གཅོད་པ་ལགས་ཀྱི་སྤུན་མཆེད་ཡིན་འདུག་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༩༢༠༡༦༡༧༠༩
ཁོང་རྣམ་གཉིས་ཀྱིས་བཟོ་བསྐྲུན་གནང་བའི་གླུ་གཞས་འོད་སྡེར་འདི་གང་ནས་ལྟ་ཐུབ་སམ་



བརྗོད་གཞི་གཞན་ཁག་ལ་གཟིགས།