choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གཏུགས་ཡིག་རྫུན་མར་ངོས་འཛིན་གྱིས་ཉེས་ཆད་གཅད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༡༣ཉིན་སྤེལ། རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཡིས་གཏུག་ཡིག་རྫུན་མའི་ཡིག་འཁྱར་རེད་ཟེར་ཞོར་དེ་འབྲི་མཁན་ལ་ཉེས་ཆད་བཅད་ཡོད་འདུག

འདི་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཡིས 4.12ཀྱི་དྲ་ངོས་ནས་གཏུག་ཡིག་རྫུན་མ་བརྒྱུད་གཏོང་བྱས་པའི་གྱོད་གཞིར་བརྟག་དཔྱད་དང་ཐག་གཅོད་བྱས་པའི་སྐོར་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་སྐོང་ཡོད་པ་དང་། འདས་པའི་ཟླ་༠༤ཚེས་༡༢དང་ཆེས་༢༡བར་མི་ག་གེ་མོའི་ཁ་པར་གྱི་སྐད་འཕྲིན་དང་ཚོན་འཕྲིན་སོགས་དེང་རབས་དྲ་ལམ་སྨྱན་བྱེད་བརྒྱུད་ནས་འགོ་ཁྲིད་ཁ་ཤས་ཀྱིས་རྩེ་ཁོག་རྫོང་དམངས་ཆེན་འཐུས་མིའི་ལྐོག་རྔན་ཧམ་ཟ་དང་།ལྐོག་རྔན་སྤྲོད་པ། ངན་པ་ཕྱོགས་སྒྲིག་སོགས་ཡིག་འཁྱར་ཞིག་བྱུང་བའི་དོན་རྐྱེན་དེ་རྫུན་མ་ཡིན་པར་ཐག་གཅོད་བྱས་ཡོད་པར་བརྗོད་འདུག

དེ་ཡང་ཕྱི་ཚེས་༡༣ཉིན་གྱི་ཕྱི་དྲོར་རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཡིས་【 4.12ཀྱི་དྲ་ངོས་ནས་གཏུག་ཡིག་རྫུན་མ་བརྒྱུད་གཏོང་བྱས་པའི་གྱོད་གཞིར་བརྟག་དཔྱད་དང་ཐག་གཅོད་བྱས་པའི་སྐོར་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ།】བསྡུས་ཤིང་། ཞང་དང་གྲོང་རྡལ་གྱི་ཧྲུའུ་ཅི་གཙོ་བོ།རྫོང་དམངས་ཆེན་འཐུས་མི་དང་རྫོང་སྲིད་གྲོས་ཨུ་ཡོན། སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་དང་ཁྲིམས་འཛིན། སློབ་གསོ་དང་འཕྲོད་བསྟེན། ཁྲལ་དོན་དང་ནོར་སྲིད། ཕྱུགས་ལས་དང་ཆུ་བེད། གཞན་ཡང་ཁེ་ལས་དོན་ལས་སྡེ་ཁག་གི་འགན་ཁུར་པ་གཙོ་བོ་བཅས་ཁྱོན་བསྡོམས་མི་བརྒྱ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད། རྫོང་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ལྷ་ལུང་དོན་གྲུབ་ཀྱིས་ཚོགས་འདུར་མགོ་འཛིན་གནང་ཞིང་། རྫོང་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སྟག་ལྷ་དང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་སྡེ་ཁག་གི་འགོ་གཙོ་ཤ་བོ་རིན་ཆེན་གཉིས་ཀྱིས་སོ་སོར་རྒྱ་བོད་སྐད་གཉིས་ཀྱིས【4.12ཀྱི་དྲ་ངོས་ནས་གཏུག་ཡིག་རྫུན་མ་བརྒྱུད་གཏོང་བྱས་པའི་གྱོད་གཞིར་བརྟག་དཔྱད་དང་ཐག་གཅོད་བྱས་པའི་སྐོར་གྱི་ནང་དོན】སྒྲོག་འགྲེལ་བྱས་ཡོད་འདུག

གཞན་གསར་འགྱུར་ནང་དོན་ལས་གསར་འགྱུར་ལས་རིགས་ཁག་གི་གྲོགས་པོ་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ།  རྒྱ་ཆེའི་མང་ཚོགས་ཀྱི་འཐུས་ཚབ་པ་བཅས་བརྒྱུད་ནས། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་དང་མི་དམངས་མང་ཚོགས་ཡོངས་ལ4.12ཀྱི་དྲ་ངོས་ནས་གཏུག་ཡིག་རྫུན་མ་བརྒྱུད་བསྐུར་བྱས་པའི་གྱོད་གཞིར་བརྟག་དཔྱད་དང་ཐག་གཅོད་བྱས་པའི་བརྒྱུད་རིམ། འབྲེལ་ཡོད་མི་སྣར་ཐག་གཅོད་བྱས་པའི་གནས་ཚུལ་སོགས་གསལ་བཤད་བྱེད་རྒྱུ་ཡིན་ཞེས་འཁོད་འདུག

དེ་མིན་སྐབས་འདིའི་དོན་རྐྱེན་བྱུང་བའི་ནང་དོན་ནི། ༢༠༡༦ལོའི་ཟླ་༠༤པའི་ཚེས་༡༢ཉིན་དང་ཟླ༠༤པའི་ཆེས་༢༡ཉིན།  མི་ག་གེ་མོའི་ཁ་པར་གྱི་སྐད་འཕྲིན་དང་ཚོན་འཕྲིན་སོགས་དེང་རབས་དྲ་ལམ་སྨྱན་བྱེད་བརྒྱུད་ནས་ནང་དོན་ལ་“རྩེ་ཁོག་རྫོང་གི་རྫོང་དཔོན་ཀུན་འགྲུབ་ཚེ་རིང་དང་། ཕྱུགས་ལས་ཅུའུ་ཀྲང་འབྲུག་བྱམས་རྒྱལ། རྒྱལ་ཁབ་ས་ཁོངས་དོ་དམ་ཅུའུ་ཀྲང་བནྡེ་ཚེ་རིང་། ནོར་སྲིད་ཅུའུ་ཀྲང་སུའུ་ཀྲུང་།གཡེར་ཐང་ཕྱུགས་ལས་སྐྱེ་ལྡན་ཐོན་རྫས་ཚད་ཡོད་ཀུང་ཟིའི་འགན་འཁུར་བ་བསོད་ནམས་རྒྱ་མཚོ།རྫོང་ཨུ་རྩ་འཛུགས་པུའུ་ཀྲང་ཀྲང་ཅན་ལིས། ཉིན་ཤུག་ཞང་གསེར་ལུང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་བ་བྷེ། ཉིན་ཤུག་ཞང་མཁར་དམར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ལྷ་འབྲུག    ཉིན་ཤུག་ཞང་གསེར་བང་སྡེ་བའི་སྡེ་དཔོན་སྔོན་མ་སྐལ་བཟང་རྒྱལ་དང་རྩེ་ཆུ་གྲོང་རྡལ་མཁར་ལུང་སྡེ་བའི་ལྷ་དཔལ་སྐྱབས། ཧོར་གྲོང་རྡལ་ཤྭ་ལ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྒྱ་མཚོ། ཉིན་ཤུག་རི་ཕྱོར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་སྐ་ཕྲུག་སོགས་ཀྱིས་རྩེ་ཁོག་རྫོང་དམངས་ཆེན་འཐུས་མིའི་ལྐོག་རྔན་ཧམ་ཟ་དང་།ལྐོག་རྔན་སྤྲོད་པ། ངན་པ་ཕྱོགས་སྒྲིག”སོགས་འདུ་བའི་གཏུག་ཡིག་ཐེངས་མང་པོར་བསྐུར་བ་དང་། བརྡ་འཕྲིན་དང་དྲ་ཐོག་ནས་ཁྱབ་སྤེལ་བྱས་རྗེས། མྱུར་དུ་བརྒྱུད་བསྐུར་བྱེད་ཚད་ཇེ་མང་དུ་སོང་ནས་སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་
བཟོས་པ་ཞིག་ཡིན་འདུག

དོན་རྐྱེན་འདིའི་གནས་ཚུལ་འདི་ཤེས་རྟོགས་བྱུང་རྗེས།  རྩེ་ཁོག་རྗོང་སྤྱི་བདེ་ཅུའུ་ཡིསཞིབ་བཤེར་གང་ལེགས་བྱས་པ་བརྒྱུད། གཏུག་ཡིག་གི་ནང་དོན་རྫུན་བཟོ་དང་དོན་དངོས་མིན་པས་དོན་མེད་སྙོན་འཛུགས་སུ་གཏོཊ་པར་ཐག་གིས་བཅད་པ་དང་། རྗོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་༢༠༡༦ལོའི་ཟླ༠༧པའི་ཚེས༠༧ཉིན་ཐག་གཅོད་མཇུག་འབྲས་ཏེ་རྫོང་ཡོངས་ཀྱི་ལས་བྱེད་ཚོགས་ཆེན་སྟེང་ཡོངས་བསྒྲགས་བྱས་ཡོད་འདུག

དེའི་མཚུངས་སུ། སྤྱི་བདེ་ཅུའུ་ཡི་བརྟག་དཔྱད་ཚན་ཆུང་གིས་ཐེངས་མང་པོར་མཚོ་ལྷོའི་འབའ་རྫོང་སོགས་རྫོང་ཁག་གཞན་དུ་ཐེངས་མང་པོར་དཀའ་ངལ་ཁྱད་བསད་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད། ཕུར་བ་རྒྱལ(རྩེ་ཁོག་རྫོང་གི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ)། ཚེ་རིང་དར་རྒྱས་(ཉིན་ཤུག་ཧོ་ཅོར་སྡེ་བའི་སྡེ་མི། ཐོབ་ཐང་ལག་འཁྱེར་ཨང་གྲངས632323197312011916)། མགོན་པོ་རྒྱལ་(ཉིན་ཤུག་ཞང་མཚོ་བདུན་སྡེ་བའི་སྡེ་མི།  ཐོབ་ཐང་ལག་འཁྱེར་ཨང་གྲངས632323197403051876)སོགས་ཀྱིས་ཁ་པར་སྟེང་གི་སྐད་འཕྲིན་དང་ཚོན་འཕྲིན་ལ་བརྟེན་ནས། གཏུག་ཡིག་བསྐུར་བའི་དོན་དངོས་གསལ་བཤད་བྱས།  གཏུག་ཡིག་འདིའི་ཐོག་མའི་མ་ཕྱི་ནི་བོད་ཡིག་ཡིན་ལ།  དེ་ཡང་རྩེ་ཁོག་རྫོང་རྩྭ་ཐང་ཁང་གི་མགོ་གཙོ་གཞོན་པ་རྡོ་རྗེ་རྒྱལ(ཕུར་བ་རྒྱལ་གྱི་ནུ་བོ)དང་ཚེ་རིང་དར་རྒྱས་གཉིས་ཀྱིས་མི་སྒེར་གྱི་དོན་དག་རྐྱང་རྐྱང་ལ་དམིགས་ནས་རྫུན་བཟོ་བྱས་པ་ལས་གཞི་འཛིན་ས་དང་ཁུངས་ལུང་ཅི་ཡང་མེད།  གཏུག་ཡིག་འདིའི་བོད་ཡིག་གི་མ་ཕྱི་ཡི་གེ་དེ་རྩེ་ཁོག་རྫོང་མི་དམངས་སྨན་ཁང་གི་མགོ་གཙོ་གཞོན་པ་བཀྲ་ཤིས་དོན་འགྲུབ(ཕུར་བ་རྒྱལ་གྱི་བུ་ཆེ་བ)ཀྱིས་རྒྱ་ཡིག་ལ་བསྒྱུར་རྗེས། རྩེ་ཁོག་རྫོང་རྩྭ་ཐང་ཁང་གི་མགོ་གཙོ་གཞོན་པ་རྡོ་རྗེ་རྒྱལ་གྱིས་ཚེ་རིང་དར་རྒྱས་ལ་སྤྲད་པ་དང་།  ཚེ་རིང་དར་རྒྱས་ཀྱིས་རྒྱ་ཡིག་གི་གཏུག་ཡིག་དེ་ཕུར་བ་རྒྱལ་ལ་བྱིན།  ཕུར་བ་རྒྱལ་དང་མགོན་པོ་རྒྱལ་གཉིས་ཀྱིས་དེ་མ་ཐག་བསྐྱར་དུ་བོད་ཡིག་ལ་བསྒྱུར་རྗེས་མགོན་པོ་རྒྱལ་གྱི་ཁ་པར་ནང་གཏགས་པ་རེད།  རྒྱ་ཡིག་གི་ལམ་ནས་བྲིས་པའི་གཏུག་ཡིག་དེ་ཡང་ཕུར་བ་རྒྱལ་གྱི་བུ་མོ་ཆོས་སྒྲོལ་མཚོ་ཡིས་གློག་ཀླད་ནང་གཏགས་རྗེས་ཕུར་བ་རྒྱལ་གྱི་ཁ་པར་སྟེང་བསྐུར།  ཕུར་བ་རྒྱལ་གྱིས་ཚོན་འཕྲིན་བརྒྱུད་ནས་མགོན་པོ་རྒྱལ་ལ་བསྐུར་བ་དང་།  མགོན་པོ་རྒྱལ་དང་ཚེ་རིང་དར་རྒྱས་གཉིས་ཀྱིས་དེ་མ་ཐག་ཏུ་གཏུག་ཡིག་འདི་སྐད་འཕྲིན་དང་ ཚོན་འཕྲིན་བརྒྱུད་ནས་མི་གཞན་ལ་བརྒྱུད་བསྐུར་ཐེངས་མང་བྱས་ཡོད་ཟེར།

        
༢༠༡༦ལོའི་ཟླ༠༨པའི་ཚེས་༡༦ཉིན། རྫོང་སྤྱི་བདེ་ཅུའུ་ཡི་བརྟག་དཔྱད་བྱ་སྒྲུབ་རུ་ཁག་གི་ཉེན་རྟོག་མི་སྣས་ཁྲིམས་འགལ་ཉེས་སྤྱོད་ཅན་ཚེ་རིང་དར་རྒྱས་དང་མགོན་པོ་རྒྱལ།  ཕུར་བ་རྒྱལ་གསུམ་ལ་ཡིག་ཐོག་ནས་འབོད་འགུགས་བྱས་ཏེ། ཁྲིམས་འགལ་ཉེས་སྤྱོད་ཅན་ཚེ་རིང་དར་རྒྱས་དང་མགོན་པོ་རྒྱལ་གཉིས་ཀྱིས་དོན་དངོས་རྫུན་བཟོ་བྱས་ཏེ་མི་གཞན་ལ་མ་ཉེས་ཁ་གཡོགས་བྱས་པར། ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇཊ་དོ་དམ་དང་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་གསུམ་ལྟར་སྲིད་འཛིན་བཀག་ཉར་ཉིན་༠༨་དང་སྲིད་འཛིན་ཆད་གཅོད་སྒོར་༢༠༠རེ་བཅད།             ༢༠༡༦ལོའི་ཟླ༠༨པའི་ཚེས་༢༤ཉིན། ཁྲིམས་འགལ་ཉེས་སྤྱོད་ཅན་བཀྲ་ཤིས་དོན་འགྲུབ་འབོད་འགུགས་བྱས་ཏེ་རྩད་གཅོད་བྱས་པ་ལྟར་ན།  ཁྲིམས་འགལ་ཉེས་སྤྱོད་ཅན་བཀྲ་ཤིས་དོན་འགྲུབ་ཀྱིས་དེ་སྔོན་སྤྱི་བདེ་ལས་ཁུངས་ཀྱི་འདྲི་རྩད་ཟིན་བྲིས་འདེབས་སྐབས། དཔང་ཚིག་རྫུན་བཟོ་བྱས་སྟབས་འབྲེལ་ཡོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩད་གཅོད་བྱ་བར་ཤུགས་རྐྱེན་ཆེན་པོ་བཟོས།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇཊ་དོ་དམ་དང་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》   དོན་ཚན་དྲུག་ཅུའི་ཐག་བཅད་ལྟར། སྲིད་འཛིན་བཀག་ཉར་ཉིན༠༨དང་སྲིད་འཛིན་ཆད་གཅོད་སྒོར༢༠༠བཅད།  ཟླ༠༨པའི་ཚེས༢༥ཉིན། ཁྲིམས་འགལ་ཉེས་སྐྱོན་ཅན་རྡོ་རྗེ་རྒྱལ་འབོད་འགུགས་བྱས་པ་དང་། ཁོའི་ཉེས་པ་ནི་དོན་དངོས་རྫུན་བཟོ་བྱས་ནས་མི་གཞན་ལ་མ་ཉེས་ཁ་གཡོགས་བཏང་བར་གཏོགས་པས། ཆེད་དུ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇཊ་དོ་དམ་དང་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ཞེ་གཉིས་ཀྱི་དོན་ཆུང་གསུམ་པའི་ཐག་བཅད་ལྟར་སྲིད་འཛིན་བཀག་ཉར་ཉིན་བཅུ་དང་སྲིད་འཛིན་ཆད་གཅོད་སྒོར༢༠༠བཅད་ཡོད་འདུག  

མིག་སྔར། ཁྲིམས་འགལ་བྱ་སྤྱོད་ཅན་ཕུར་བ་རྒྱལ་གནས་སྐབས་རིང་བྲོས་བྱོལ་དུ་ཕྱིན་མོད་། འབྲེལ་ཡོད་ལས་ཁུངས་ཀྱིས་སྔར་ལས་ལྡབ་འགྱུར་གྱིས་རྩད་གཅོད་བྱེད་བཞིན་ཡོད།
   གྱོད་གཞི་འདིའི་འབྲེལ་ཡོད་མི་སྣས་དོན་དངོས་དང་མི་མཐུན་པའི་བརྡ་འཕྲིན་ཁྱབ་སྤེལ་བརྒྱུད་ནས་མ་རུང་དཀྲོག་གཏམ་གྱིས་ཞང་དང་གྲོང་ཚོ།    ལས་ཁུངས་ཀྱི་མགོ་ཁྲིད། ལས་བྱེད་མི་སྣ་སོགས་ལ་ཚིག་མཚོན་ངན་པ་བཏབ་ནས་ཁོ་ཚོའི་རྒྱུན་ལྡན་གྱི་བྱ་བའི་བརྩོན་སེམས་ལ་གནོད་པ་ཚབས་ཆེན་བཟོས་པ་དང་། ཏང་དང་མང་ཚོགས།    ལས་བྱེད་དང་མང་ཚོགས་ཀྱི་འབྲེལ་བར་གཏོར་བརླག་ཚབས་ཆེན་བཟོས་པར་མ་ཟད། རྫོང་ཡོངས་དང་ཐ་ན་ཁུལ་ཡོངས་ལ་ཤུགས་རྐྱེན་ངན་པ་བཟོས་པ་རེད།

ཉེ་ལམ།  ཉིན་ཤུག་ཞང་དང་རྩེ་ཆུ་གྲོང་རྡལ་གྱི་རྒྱ་ཆེའི་མང་ཚོགས་རྣམས་ཐེངས་བཅུ་ལྷག་ལ(མི་གྲངས200ལྷག)རྫོང་ཨུ་དང་རྫོང་སྲིད་གཞུང། གཞན་ཡང་འབྲེལ་ཡོད་ལས་ཁུངས་སུ་སོང་ནས་ཞུ་གཏུག་བྱས་ནས། དོན་དངོས་མིན་པའི་བརྡ་འཕྲིན་ཁྱབ་སྤེལ་བྱེད་མཁན་དག་ལ་ཁྲིམས་ལྟར་བརྟག་ཞིབ་དང་ཐག་གཅོད་ནན་མོ་བྱེད་དགོས་པའི་བསམ་འཆར་རབ་དང་རིམ་པ་བཏོན།འབྲེལ་ཡོད་སྡེ་ཁག་དག་གིས་ཡང་དང་བསྐྱར་དུ་བྱ་བ་གང་མང་སྒྲུབ་པ་བརྒྱུད། ད་གཟོད་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སེམས་ཁམས་ལྷིང་འཇགས་སུ་བབས་ནས་སེམས་གསོ་ཅུང་ཟད་ཐོབ་ཡོད །
        4.12ཀྱི་དྲ་ངོས་ནས་གཏུག་ཡིག་རྫུན་མ་བརྒྱུད་གཏོང་བྱས་པའི་གྱོད་གཞིར་རྫོང་ཡོངས་ཀྱི་ལས་བྱེད་མི་སྣ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ཐུགས་ཁུར་ཚད་མེད་གནང་བཞིན་འདུག་པས།   རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལྟར་གྱོད་གཞི་འདི་བརྟག་ཞིབ་ཐག་གཅོད་བརྒྱུད་ནས། རྗེས་ཕྱོགས་སུ་དྲ་རྒྱའི་སྟེང་ནས་ རང་ཉིད་ཀྱི་དམིགས་ཡུལ་ངན་པ་མངོན་འགྱུར་བྱེད་ཆེད།རང་སྣང་གང་འདོད་དུ་འཁྱོག་བཤད་དང་དོན་དངོས་རྫུན་བཟོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་།མི་དམངས་འཐུས་མིར་དམའ་འབེབས་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ལ་རྡུང་རྡེག་དྲག་པོ་གཏོང་རྒྱུ་དང་།ཐེངས་འདིའི་སྤྱོད་གཙང་དྲང་བདེན་གྱི་སྐབས་བརྗེའི་འདེམས་བསྐོ་དང་། རང་རྫོང་གི་ལས་བྱེད་མི་སྣའི་བྱ་བའི་ལས་སྐྲུན་ཐད་ཁོར་ཡུག་ཡག་པོ་བསྐྲུན་རྒྱུའི་ཐད།སྔར་ལས་ལྷག་པའི་རྨང་གཞི་ལེགས་པོ་རེ་བཏང་ནས་རང་རྫོང་གི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོབ་ཐད་ནུས་པ་ངེས་ཅན་བཏོན་ཡོད།
   
   རྫོང་སྤྱི་བདེ་ཅུའུ་ཡིས་སྤྱི་ཚོགས་ལས་རིགས་ཁག་གི་མི་རྣམས་ལ་བསླབ་བྱ་གནང་རྒྱུར།  
སྤྱི་དམངས་དང་རྩ་འཛུགས་གང་རུང་གིས་དྲ་རྒྱ་སོགས་དེང་རབས་སྨྱན་བྱེད་བེད་སྤྱོད་བྱས་ཏེ། དོན་དངོས་རྫུན་བཟོ་དང་མི་གཞན་ལ་དམའ་འབེབས་གཏོང་བར་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་ཆད་ནན་མོ་གཅོད་རྒྱུ།  རིམ་པ་རྗེས་མར།  རྫོང་སྤྱི་བདེ་ལས་ཁུངས་ཀྱིས་དྲ་ཁྲིམས་ཉེས་གསོག་བརྟག་ཞིབ་ཐད། མུ་མཐུད་དུ་ནུས་ཤུགས་ཆེ་རུ་བཏང་ནས།  ཁྲིམས་ལྟར་དྲ་ཐོག་གི་ཁྲིམས་འགལ་ཉེས་གསོག་བྱ་འགུལ་དག་ལ་ཞིབ་བཤེར་དང་རྡུང་རྡེག་ནན་མོ་བྱེད་རྒྱུ་ཡིན།།                                                                         
                                        རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ནས།                                                                                                              2016ལོའི་ཟླ9བའི་ཚེས13ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།