choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མདོ་སྨད་མཛོད་དགེ་ལ་མཁས་པའི་བགྲོ་གླེང་ཞིག་འཚོགས་བཞིན་ཡོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༩ཚེས་༡༣ཉིན་སྤེལ། འདི་གའི་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། བོད་མདོ་སྨད་མཛོད་དགེ་ལ་ཉིན་གསུམ་རིང་ཀིརྟིའི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གི་མཁས་པའི་བགྲོ་གླེང་ཞིག་འཚོགས་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

Tibet-Scholars-Forum-2016དེ་ཡང་ཕྱི་ལོ་༢༠༡༦ ཟླ་༩ ཚེས་༡༢ ཉིན་ནས་ཉིན་གསུམ་རིང་ཀིརྟིའི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གི་མཁས་པའི་བགྲོ་གླེང་ཐེངས་དང་པོ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་འཚོགས་བཞིན་ཡོད་པའི་སྐོར་གནས་ཚུལ་གསལ་འདུག བགྲོ་གླེང་དེར་མདོ་སྟོད་སྨད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་བཅུ་དྲུག་ནས་ཕེབས་པའི་དགེ་བཤེས་དང་མཁན་པོ་༢༣གདན་འདྲེན་ཞུས་ཡོད་འདུག

དེའི་སྐོར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ནས་ཕྱི་ལོ་༢༠༡༦ ཟླ་༩ ཚེས་༡༣ ཉིན་འདི་ག་གསར་ཁང་དུ་གསུངས་དོན། ཉིན་དེའི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༨ པའི་སྟེང་ཀིརྟིའི་དགོན་ཁག་གི་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རྔ་བ་ཀིརྟིའི་དགོན་གྱི་ཚོགས་ཆེན་ཁྲི་རིན་པོ་ཆེ་དགེ་བཤེས་ཡེ་ཤེས་རྒྱ་མཚོ་ལགས་ཀྱིས་སྣང་གསལ་མར་མེ་སྒྲོན་འབུལ་དང་འབྲེལ་མཛད་སྒོ་དབུ་འཛུགས་གནང་ཡོད་འདུག

མཛད་སྒོའི་ཐོག་མར་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་རྒྱུད་པ་མཁན་པོ་དགེ་བཤེས་དཀོན་མཆོག་བཟོད་པ་ལགས་ཀྱིས་མཁས་པའི་བགྲོ་གླེང་ངོ་སྤྲོད་གསུང་བཤད་དང༌། དེ་ནས་ཀིརྟིའི་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཁྲི་རིན་པོ་ཆེ་དགེ་བཤེས་ཡེ་ཤེས་རྒྱ་མཚོ་ལགས་ནས་མཛད་སྒོ་དབུ་འཛུགས་ཀྱི་གསུང་བཤད་གནང་བ་དང༌། མཇུག་ཏུ་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་གྱི་ཁྲི་ཟུར་དགེ་བཤེས་བློ་བཟང་བཀྲ་ཤིས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ་ཡོད་པ་དང༌། དེ་ནས་མཁས་པའི་བགྲོ་གླེང་དངོས་སུ་དབུ་འཛུགས་གནང་ཡོད་འདུག

དེ་ཡང་ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་ནི་ྋའཇམ་མགོན་རྒྱལ་བ་གཉིས་པ་མཉམ་མེད་ཙོང་ཁ་པ་ཆེན་པོ་ྋརྗེ་བློ་བཟང་གྲགས་པས་མཛད་པའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔའི་ཡ་གྱལ་དྲང་ངེས་ལེགས་བཤད་སྙིང་བོ་ལས་བརྩམས་པའི་བརྗོད་གཞི་མི་འདྲ་བ་བཅུ་གཅིག་ལ་ཆེད་རྩོམ་སྒྲོག་སྦྱང་དང་འབྲེལ་བའི་སྒོ་ནས་བགྲོ་གླེང་གསུང་བཤད་གནང་མཁན་མཁས་པ་༡༣ དང༌། དེ་མིན་གྱི་གསུང་བཤད་གནང་མཁན་མཁས་པ་ལྔ་བཅས་དགེ་ལུགས་པའི་དགེ་བཤེས་མཁས་པ་༡༨ ཀྱི་བགྲོ་གླེང་གསུང་བཤད་བཅས་ཡོད་འདུག

གཞན་ཡང་ཆོས་བརྒྱུད་ཆེན་པོ་སྔ་འགྱུར་རྙིང་མ་པ་དང༌། དཔལ་ལྡན་ས་སྐྱ་པ། རྒྱལ་བ་ཇོ་ནང་པ་བཅས་ཀྱི་མཁས་པ་༥ ཡིས་རང་རང་གི་ཆོས་བརྒྱུད་ཀྱི་ལྟ་གྲུབ་དང་འབྲེལ་བའི་ཆེད་རྩོམ་སྒྲོག་སྦྱང་གི་ལམ་ནས་བགྲོ་གླེང་གསུང་བཤད་གནང་རྒྱུ་བཅས་ཀྱི་ལས་རིམ་བསྒྲིགས་ཡོད་འདུག

གསུང་བཤད་གནང་མཁན་གྱི་མཁས་པ་བགྲོ་གླེང་པ་རེ་རེས་ཆེད་རྩོམ་སྒྲོག་སྦྱང་གི་དུས་ཡུན་སྐར་མ་༢༥ རེ་དང༌། དེའི་ཐོག་མཁས་པ་ནང་ཁུལ་གྱི་དྲི་བ་དྲིས་ལན་གྱི་དུས་ཡུན་སྐར་མ་༢༠ ། ཀིརྟིའི་དགོན་པ་ཆེ་ཁག་བཞིའི་སློབ་གཉེར་པ་རྣམས་ཀྱིས་སྐབས་སོ་སོའི་བརྗོད་གཞི་དེ་དང་འབྲེལ་བའི་ཐོག་དྲི་བ་བཏོན་པར་མཁས་པ་སོ་སོས་དྲིས་ལན་གནང་རྒྱུའི་དུས་ཡུན་ལ་སྐར་མ་༢༠ རེ་བཅས་བསྡོམས་བརྗོད་གཞི་གཅིག་གི་ཐོག་བགྲོ་གླེང་གི་དུས་ཡུན་ཆུ་ཚོད་༡ དང་སྐར་མ་༥ རེ་ཡིན་འདུག

བགྲོ་གླེང་གསུང་བཤད་གནང་མཁན་གྱི་འབའ་ཆོས་སྡེ་དགོན་ནས་འབྲས་བློ་གླིང་དགེ་བཤེས་ལྷ་རམས་པ་ཕ་ར་རིག་འཛིན་མཆོག་དང༌། དཀར་མཛེས་དགོན་ནས་སེར་བྱེས་དགེ་བཤེས་ལྷ་རམས་པ་ཡ་མ་བསོད་ནམས་དང༌།

སེར་ཤུལ་དགོན་ནས་སེར་བྱེས་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས། ལབ་དགོན་ནས་སེར་བྱེས་ལྷ་རམས་པ་དགེ་བཤེས་བློ་བཟང་འབྲུག་གྲགས། རོང་བོ་དགོན་ཆེན་གྱི་རབ་འབྱམས་པ་དགེ་བཤེས་བློ་བཟང་ཆོས་གྲགས། བླ་རུང་སྒར་གྱི་མཁན་པོ་མུ་ར་ཀུན་བཟང༌། རྫོང་སར་བཤད་གྲྭའི་མཁན་པོ་ཀརྨ་འཕྲིན་སྟོབས། ཨ་སྐྱོང་དགོན་གྱི་མཁན་པོ་ངག་དབང་དངོས་གྲུབ་དཔལ་སོགས་མདོ་སྟོད་སྨད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་བཅུ་དྲུག་ནས་ཕེབས་པའི་དགེ་བཤེས་དང་མཁན་པོ་༢༣ ཕེབས་ཡོད་པ་རྣམས་ནི་ ཆེད་དུ་གདན་འདྲེན་ཞུས་པ་ཞིག་ཡིན་པ་དང༌། དེ་བཞིན་ཀིརྟིའི་གདན་ས་ཆེ་ཁག་བཞིའི་ཁྲི་པ་དང་མཁན་པོ་རྣམ་པ། དཔེ་ཁྲིད་དགེ་རྒན་རྣམ་པ། སྐབས་བབས་འཛིན་གྲྭའི་སློབ་གཉེར་པ་བཅས་དགེ་འདུན་ཞལ་གྲངས་༣༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག་པ་བཅས།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།