choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཟི་ལིང་དང་ཡོ་རབ་བར་དུ་མེ་འཁོར་ཤར་སྟོང་བྱེད་འགོ་བཙུགས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

 ༢༠༡༦།༠༩།༡༣ཉིན་སྤེལ། ཟི་ལིང་དང་ཡོ་རབ་རྒྱལ་ཁབ་བར་དུ་རྒྱལ་སྤྱིའི་མེ་འཁོར་ཤར་གཏོང་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱིས་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་ཁྲོད་གལ་ཆེའི་གྲོང་ཁྱེར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་ཐད་ལེགས་སྐྱེལ་གང་ལེགས་འབུལ་རྒྱུ་ཡིན་པར་བརྗོད་འདུག

altགནས་ཚུལ་འབྱོར་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧྲོང་ཀྲའེ་ཟོག་འདྲེན་ལྟེ་གནས་སུ་ཀྲུང་གོའི་ལྕགས་ལམ་ཀུང་སིའི་ཀྲུང་གོ་དང་ཡོ་རབ་བར་གྱི་དུས་གཏན་མེ་འཁོར་ཤར་གཏོང་བྱས་པའི་འགོ་ཚུགས་མཛད་སྒོ་བསྡུས་པའི་གནས་ཚུལ་འདུག

དེ་ཡང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་འཁོད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་༨་ཉིན་གྱི་སྔ་དྲོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧྲོང་ཀྲའེ་ཟོག་འདྲེན་ལྟེ་གནས་སུ་ཀྲུང་གོའི་ལྕགས་ལམ་ཀུང་སིའི་ཀྲུང་གོ་དང་ཡོ་རབ་བར་གྱི་དུས་གཏན་མེ་འཁོར་ཤར་གཏོང་བྱས་པའི་འགོ་ཚུགས་མཛད་སྒོ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གཙོས་པེར་ཀྲེམ་དང་ཡ་རོབ་རྒྱལ་ཁབ་ཀྱི་འཐུས་ཚབ་མི་སྣ་དང་ཞིང་ཆེན་ཕྱི་ནང་གི་ཁེ་ལས་པ་སོགས་མི་༢༠༠་ལྷག་འགོ་ཚུགས་མཛད་སྒོར་ཞུགས་ཏེ། མཁའ་ལམ་ཞེས་པའི་གླུ་སྐད་སྙན་མོའི་འགྱུར་དབྱངས་དང་བསྡོངས་ནས་མཚོ་སྔོན་ཟི་ལིང་ནས་པེར་ཀྲེམ་གྱི་ཨན་ཐེ་ཝེ་ཕུའི་བར་གྱི་དུས་གཏན་མེ་འཁོར་གྱིས་དུང་བརྡ་རྒྱབ་ནས་དངོས་སུ་གཏོང་འགོ་ཚུགས་སོང་བར་འཁོད་འདུག

གཞན་ཡང་རླུང་དེར་བཀོད་པ་ལྟར་ན།   ཀྲུང་གོའི་ལྕགས་ལམ་ཚོགས་པའི་དོས་སྒམ་སྐྱེལ་འདྲེན་ཚད་ཡོད་ཀུང་སི་ནི་ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་རྒྱལ་ཁབ་ཀྱི་གཞི་ཁྱོན་ཆེ་བའི་དོས་སྒམ་སྐྱེལ་འདྲེན་ཁེ་ལས་ཤིག་ཡིན་ལ། གཙོ་བོར་ཀྲུང་གོའི་ལྕགས་ལམ་ཚོགས་པའི་དོས་སྒམ་གྱི་མ་རྩའི་ལས་གཉེར་དོ་དམ་ལ་འགན་འཁུར་གྱི་ཡོད་པ་དང་། ལྕགས་ལམ་སྤྱི་ཁྱབ་ཀུང་སིས་གཏན་འཁེལ་བྱས་པའི་ཀྲུང་གོ་ནས་ཡོ་རོབ་དང་། ཀྲུང་གོ་ནས་ཨེ་ཤ་ཡའི་བར་གྱི་དུས་གཏན་མེ་འཁོར་གྱི་འགྲོ་རིམ་ཧྲིལ་བོར་ཞབས་ཞུའི་སྟེགས་བུ་སྐྲུན་ཡོད་པ་རེད་ཅེས་དང་།

དེ་མིན་སྤྱི་ཁྱབ་ཀུང་སི་པེ་ཅིང་དུ་བཙུགས་ཡོད་ལ་ཡན་ཡག་ཀུང་སི་༡༨་ཡོད་པ་དང་ལས་གཉེར་བྱེད་ཚད་རྒྱལ་ཡོངས་སུ་ཁྱབ་ཡོད་པ་རེད།  ད་ལོའི་ཚུན་དུ་ཀྲུང་གོ་དང་ཡོ་རབ་བར་དུ་དུས་གཏན་མེ་འཁོར་གཏོང་ཚད་༩༥༠་བརྒལ་ཡོད་པ་དང་། རིམ་རྩིས་བྱས་ན་མེ་འཁོར་གཏོང་ཚད་༢༢༠༠ལས་བརྒལ་ཡོད་ཡིན་པར་འཁོད་འདུག

ཐེངས་འདིའི་དུས་གཏན་མེ་འཁོར་ནི་ཟི་ལིང་གི་ཧྲོང་ཀྲའེ་ཟོག་འདྲེན་ལྟེ་གནས་ནས་ལམ་ལ་ཆས་ཤིང་། ཀན་སུའུ་དང་ཤིན་ཅང་བརྒྱུད་ནས་ཨ་ལ་ཧྲན་བརྒལ་ཏེ་ཧ་སག་སི་ཐན་དང་། ཨུ་རུ་སུ། བྱང་ཨུ་རུ་སུ། ཕོ་ལན། འཇར་མན་སོགས་བརྒྱུད་ནས་པེར་ཀྲེམ་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་སྟེ་ཨན་ཐེ་ཚེ་ཕུའུ་རུ་འབྱོར་རྒྱུ་ཡིན་པ་རེད། རྒྱལ་ཁབ་༦་གི་མངའ་ཁོངས་བརྒལ་ནས་སྤྱིའི་རིང་ཚད་ལ་སྤྱི་ལེ་༩༨༣༨ཡོད་ལ། དེའི་ནང་རྒྱལ་ནང་གི་ལམ་དུམ་རིང་ཚད་ལ་སྤྱི་ལེ་༢༦༤༤་ཡོད་པ་དང། རྒྱལ་ཕྱིའི་ལམ་དུམ་རིང་ཚད་ལ་སྤྱི་ལེ་༧༡༩༤ཡོད། དུས་ཡུན་ཉིན་བཅུ་གཉིས་ཡིན་པས་མཚོ་ཐོག་སྐྱེལ་འདྲེན་ལས་ཉིན་བཞི་བཅུའི་ཐུང་དུ་བཏང་ཡོད་པ་རེད།

ཐེངས་འདིར་དུས་གཏན་མེ་འཁོར་གཏོང་འགོ་ཚུགས་པ་ནི་ཀྲུང་གོའི་ལྕགས་ལམ་ཚོགས་པའི་དོ་སྒམ་སྐྱེལ་འདྲེན་ཀུང་སི་དང་། མཚོ་བོད་ལྕགས་ལམ་ཀུང་སིས་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་གོང་འཕེལ་འཐབ་ཇུས་དོན་འཁྱོལ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ས་གནས་ཀྱི་དཔལ་འབྱོར་ཞབས་ཞུ་མཁོ་འདོན་དང་། ཕྱི་ཕྱོགས་ཉོ་ཚོང་གི་གོང་འཕེལ་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་ཁྲོད་གལ་ཆེའི་གྲོང་ཁྱེར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་ཐད་ལེགས་སྐྱེལ་གང་ལེགས་འབུལ་རྒྱུ་ཡིན་པར་བརྗོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།