choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཁམས་ཕྱོགས་ནས་ཕག་ནད་ཀ་པའི་ནད་པ་རྟོག་རྙེད་བྱུང་ཚུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཁ་སང་སྟེ་སྤྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༢༨ཉིན་དར་རྩེ་མདོའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ལས་ཤེས་གསལ་ལྟར་ན། ཉེ་ཆར་ཁམས་དཀར་མཛེས་ཁུལ་ནས་ཕག་ནད་ཀ་པའི་ནད་པ་༦༥་ཙམ་རྟོག་རྙེད་བྱུང་འདུག ནད་པ་སོ་སོ་དར་མདོ་རྫོང་དང༌། ལྕགས་ཟམ་རྫོང་ངམ་བློ་བདེ་རྫོང༌། བྲག་འགོ་རྫོང༌། འབའ་ཐང་རྫོང་བཅས་ཡིན་ལ།

སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་རིམས་ནད་དེ་ཁྱབ་བརྒྱུད་བྱེད་པ་སྔོན་འགོག་བྱེད་ཀྱིན་ཡོད་པ་ཐོས་ཤིང་། ཁ་པར་འཕྲིན་ཐུང་དང་བརྙན་འཕྲིན། དྲ་བ་སོགས་བརྒྱུད་ནས་ང་ཚོ་རང་ཉིད་ཀྱིས་ནམ་རྒྱུན་ལག་པ་འཁྲུད་པ་དང་། རླུང་བུ་རྒྱུག་ས་ནས་འདུག་པ། དུས་རྟག་པར་ལུས་པོར་སྦྱོང་བརྡར་བྱེད་པ། མི་མང་ཚོགས་སར་མི་འགྲོ་བ།གལ་ཏེ་ཚ་བ་རྒྱས་པ་དང་མིད་པ་གཟེར་བ། ལུ་བ་ཚབས་ཆེན་བྱུང་བ་སོགས་མི་བདེ་བའི་ཚོར་བ་བྱུང་ཚེ། ལམ་སང་མི་ཚོགས་ཆེ་ས་རུ་མི་འཚང་བར་ཁ་ཤུབས་གྱོན་ཅིང་མི་མང་དང་གཡོལ་ཅི་ཐུབ་ཀྱིས་སྨན་ཁང་དུ་འགྲོ་བའམ་༡༢༠་མྱུར་སྐྱོབ་རླངས་འཁོར་ལ་བརྡ་བཏང་ནས་ལུས་པོར་བརྟག་དཔྱད་བྱེད་དགོས་པ་རེད།

རང་ཉིད་ཀྱིས་རང་ཉིད་ལ་དངངས་སྐྲག་མ་སླང་ན། རིམས་ནད་འདི་དེ་འདྲའི་འཇིགས་ཡེར་བ་ཞིག་མིན་ཚུལ་གྱི་ཁྱབ་སྒྲོག་ལེགས་པོ་བྱེད་ཀྱིན་འདུག དེ་མིན་ད་ལྟ་དར་མདོ་མང་ཚོགས་ཀྱིས་རང་རྟོགས་སྒོས་ནད་རིགས་སྔོན་འགོག་གི་སྨན་དང་ནད་དུག་སེལ་བའི་སྨན་རིགས་སོགས་ཉོ་སྒྲུབ་བྱེད་ཀྱིན་ཡོད་ལ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་བོད་སྨན་གྱི་རིམས་འགོག་རིལ་བུ་ཞིག་གསར་གཏོད་བྱས་ཤིང་རིན་མེད་ཀྱིས་སློབ་མ་ཚོར་སྟེར་ཅིང་སྐེ་རུ་འདོགས་པར་སྐུལ་གྱིན་འདུག སྲིད་གཞུང་གིས་ཀྱང་སློབ་གྲྭ་ཁ་ཤས་ལ་གུང་གསེང་བྱེད་པའི་བཀའ་བསྩལ་ནས་ཕྱོགས་སོ་སོ་ན་རིམས་ནད་དེ་འགོག་བཅོས་བྱེད་པར་གྲ་སྒྲིག་བྱེད་ཀྱིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།