choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྔ་བ་ཀིརྟི་དགོན་གྱི་གྲྭ་འཇམ་ཁོ་གློད་གྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༠༥ཉིན་སྤེལ། རྔ་བ་ཀུརྟི་དགོན་གྱི་གྲྭ་བ་འཇམ་ཁོ་ལགས་སུ་རྒྱ་ནག་གཞུང་ས་གནས་སྲིད་གཞུང་གིས་ཉེས་འགལ་བྱས་ཏེ་ཁྲིམས་ཐག་ལོ་བདུན་དང་ཕྱེད་ཀ་ལྷག་ལ་་བཅད་པའི་ལོ་ཚད་ལོངས་ཏེ་གློད་གྲོལ་བཏང་འདུག

altའདི་ག་གསར་ཁང་དུ་བོད་ནས་འབྱོར་བའི་གནས་ཚུལ་ལ་གཞིགས་ན། མདོ་སྨད་རྔ་བ་ཇོ་ལེབ་སྡེ་བ་ནས་ཡིན་པ་དང་རྔ་བ་ཀིརྟི་དགོན་གྱི་གྲྭ་བ་ཡིན་པའི་འཇམ་ཁོ་ལགས་སུ་རྒྱ་ནག་ཉེན་རྟོགས་པས་ཉེས་མེད་ཀྱི་ནག་ཉེས་བཙུགས་ཏེ། མི་ལོ་ཧྲིལ་བོ་བདུན་དང་ཕྱེད་ཀ་ལྷག་རིང་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་ཤིང་། འདི་ཟླའི་ཚེས་༢ཉིན་གློད་གྲོལ་བཏང་འདུག

དེ་ཡང་བོད་ནང་གི་འབྲེལ་ཡོད་ཅིག་གིས་གནས་ཚུལ་བརྗོད་དོན།  རྔ་པ་ཇོ་ལེབ་སྡེ་བའི་མགོ་ཚང་གི་འཇམ་དབྱངས་ཕུན་ཚོགསལགས། ཡོངས་གྲགས་ཀྱི་མིང་ལ་འཇང་ཁོ་ཟེར་ཞིང་། ༢༠༠༩ཟླ་༠༣ཚེས་༠༣ཉིན་གྱི་མཚན་མོར་ཁོང་གི་གྲྭ་ཤག་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། རྔ་བ་ཁུལ་དུ་བཀྲ་བྷེ་ཡིས་རང་ལུས་མེར་བསྲེགས་ཐོག་མར་བཏང་ནས་རིམ་བཞིན་མེར་བསྲེགས་ཞི་རྒོལ་ཆེན་མོ་བྱུང་བའི་སྐབས་དེར། འཇམ་ཁོ་ལགས་ནི་༢༠༠༦ལོ་ནས་བཟུང་གནསལ་ཚུལ་ཕྱི་བསྒྲགས་ཀྱི་ནག་ཉེས་འོག་བཙན་ཁྲིད་བྱས་ཏེ་ལོ་གཅིག་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ༢༠༡༠ཟླ་༠༤ཚེས་༠༢རྒྱལ་ཁབ་ཁ་བྲལ་དང་གནས་ཚུལ་ཕྱིར་བསྒྲགས་ཀྱི་ཉེས་མིང་གིས་མ་ཉེས་ཁ་གཡོགས་བྱས་ཏེ་ལོ་དྲུག་ལ་ཁྲིམས་ཐག་བཅད་འདུགalt
 ཁོང་གི་མིང་ལ་འཇམ་དབྱངས་ཕུན་ཚོགས་སམ་འཇམ་ཁོ་ཟེར་ཞིང་། ལོ་ན་༤༡དང་། རྔ་བ་ཀིརྟི་དགོན་གྱི་གྲྭ་བ་ཡིན་པ་དང་། ༢༠༡༦ཟླ་༠༩ཚེས་༠༢ཉིན་ཟི་ཁྲོན་མེན་ཡང་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་པ་དང་། ནང་མི་གཉེན་འབྲེལ་དང་ཡུལ་ཕྱོགས་གཅིག་པུའི་མི་རྣམས་ཀྱིས་བསུ་སྟོན་རྒྱ་ཆེན་དང་ཁ་བཏགས་འཐེན་ཡོད་འདུག

གཞན་ཡང་། ཕུ་བོ་ནང་ལ་སླེབས་དུས་ནུ་བོ་གྲོང་ཟིན་པས་ངོ་མ་ཐུག་པ་དང་།
altཕུ་བོའི་ཕ་མ་གཉིས་དགོངས་ལོ་བརྒྱད་ཅུ་སྟོད་ལ་ཡོད་པས་ལོ་འདི་དག་གི་རིང་ལ་སེམས་ཁྲལ་གྱིས་སྡུག་བསྔལ་མང་པོ་མྱང་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།