བོད་ཀྱི་བུད་མེད་ཅིག་གིས་ལུག་དྲུག་སྟོང་ལྷག་ཚེ་ཐར་བཏང་འདུག

 པར་འདེབས།

༢༠༡༦ལོའི་ཟླ་༩ཚེས་༢ཉིན། བོད་མདོ་ཁམས་འདན་མ་ནས་ཡིན་པའི་བོད་ཀྱི་བུད་མེད་ཅིག་གིས་རང་ནུས་ཡོད་ཚད་བཏོན་ནས་བསད་གྲབ་ཡོད་པའི་བོད་པའི་ལུག་དྲུག་སྟོང་ལྷག་བཤས་ར་ལས་ཉོས་ནས་ཚེ་ཐར་བཏང་ཡོད་འདུག

Tibet-Sheep-Dolma-Yangchen-2016དེ་ཡང་འདན་མའི་ཡུལ་གྱི་བོད་ཀྱི་བུད་མེད་སྒྲོལ་མ་དབྱང་ཅན་ལགས་ཀྱིས། བསད་གྲབ་ཡོད་པའི་ལུག་༦༢༦༧ཙམ་བཤས་ར་ལས་བཏོན་ནས་ལུག་དེ་དག་གི་ཚེ་སྲོག་སྲུང་སྐྱོབ་གནང་ནས་ད་ལྟའི་ཆར་གསེར་རྟ་ཁུལ་གྱི་རྩ་ཐང་ཡངས་པོ་ཞིག་ཏུ་ཚེ་ཐར་བཏང་ཟིན་ཡོད་འདུག

སྒྲོལ་མ་དབྱངས་ཅན་ལགས་ནས་དེ་ལྟར་དགེ་སྒྲུབ་ཚོགས་བསགས་ཀྱིས་དུད་འགྲོ་སེམས་ཅན་ལ་བྱམས་དང་སྙིང་རྗེ་བསྐྱེད་ནས་ཚེ་སྲོག་ལ་བརྩི་བཀུར་བྱེད་པར་བོད་ཕྱི་ནང་གཉིས་སུ་ཕོ་མོ་དབྱེར་མེད་ནས་བརྒྱུད་ལམ་འདྲ་མིན་སྤྱད་དེ་དགའ་བསུ་འཚམས་འཕྲིན་གཞི་རྒྱ་ཆེ་བ་ཞིག་སྤེལ་བཞིན་འདུག

གཞན་ཡང་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་དེ་ལྟ་བུའི་རླབས་ཆེན་དགེ་བའི་བྱ་བ་ཞིག་སྒྲུབ་བཞིན་པའི་པར་རིས་རྣམས་དང་པར་རིས་དེ་རྣམས་ལ་བོད་རྒྱ་དབྱིན་གསུམ་ནང་འགྲེལ་བཤད་དང་བཅས་པ་བོད་ཕྱི་ནང་གཉིས་ཀར་ཕར་ཚུར་གཏོང་ལེན་དང་རྒྱ་ཁྱབ་ཆེན་པོ་འགྲོ་བཞིན་འདུག་ལ། མང་པོ་ཞིག་གིས་ཁོང་མོར་མི་ཡུལ་ལྷ་མོ་ཞེས་ཆེ་བསྟོད་ཞུ་བཞིན་འདུག

དེ་རིང་བོད་ཀྱི་བུད་མེད་ཅིག་གིས་དེ་ལྟ་བུའི་བོད་ཀྱི་ལུག་མང་པོའི་ཚེ་སྲོག་ལ་སྲུང་སྐྱོབ་ཐུབ་པ་ནི་བོད་ཀྱི་བུད་མེད་ཙམ་མ་ཟད། སྤྱིར་བུད་མེད་ཅིག་གིས་རླབས་ཆེན་གྱི་བྱ་བ་ཞིག་བསྒྲབས་ཐུབ་པའི་དམིགས་དཔེ་དང་དཔང་པོ་གཉིས་ཀ་གསལ་སྟོན་བྱས་ལུགས་ཀྱང་ཤོད་བཞིན་ཡོད་པ་རེད།

ཡང་གླེང་མོལ་གྱི་བརྗོད་དོན་གཙོ་བོ་ཞིག་ནི་བོད་བརྒྱུད་ནང་བསྟན་གྱི་ཚེ་སྲོག་ལྟ་བའི་ཆ་ནས་ནང་བསྟན་ཁྲོད་བྱམས་དང་སྙིང་རྗེ་བསྐྱེད་ནས་ཚེ་སྲོག་ལ་བརྩི་བཀུར་ཇི་ལྟར་དགོས་མིན་དེ་འདྲ་ཞིག་ཡིན་པ་རེད་ཅེས་སོགས་བརྗོད་ཀྱིན་འདུག

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།