choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བླ་བྲང་སོགས་ལ་ཆུ་ལོག་དང་འདམ་ཉིལ་བྱུང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༢༣ཉིན་སྤེལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་སོགས་སུ་དྲག་ཆར་དང་སེར་བ་ཚབས་ཆེན་བབས་འདུག

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཚེས༢༢ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦།༣༠ཙམ་དུ་བསང་ཆུའི་སྟོད་རྒྱུད་ཀྱི་ལུང་ཁོག་བརྒྱུད་དེ་ནུབ་བྱང་ཕྱོགས་ནས་དྲག་ཆར་ཆེན་པོ་བབས་ཤིང་། བླ་བྲང་དགོན་པ་དང་བསང་ཆུའི་རྫོང་མཁར། བསང་ཆུའི་སྨད་རྒྱུད་ཀྱི་ཧོར་གཙང་སྟོད་སྨད་བཅས་སུ་ལུང་ཁོག་གཡས་གཡོན་གྱི་ཆུ་རྒྱས་ཤིང་བསང་ཆུ་བྲུག་ནས་ཆུ་རགས་ཀྱི་ཕྱིར་ཤོར་བ་སོགས་ཆུ་ལོག་བྱུང་བའི་གནས་ཚུལ་ཉེན་ཚབས་ཅན་དུ་གྱུར་ཞིང་། བསང་ཆུའི་འགྲམ་རྒྱུད་ཀྱི་དུདalt་ཁྱིམ་མང་པོར་མཁར་གྱང་ཉིལ་བ་དང་སྒོ་ཆེན་འགྱེལ་བ། ནང་དུ་ཆུ་ཤོར་བ། ཅ་དངོས་ཁུར་བ་སོགས་ཆེ་ཆུང་མི་འདྲ་བའི་གནོད་པ་ཐེབས་པ་མ་ཟད། ལམ་འགྲམ་དུ་བཞག་པའི་རླངས་འཁོར་རེ་གཉིས་ཀྱང་ཆུས་ངར་ཤུགས་ཀྱིས་དེད་པ་སོགས་དུས་ཡུན་ཐུང་བའི་རིང་ཆུ་ལོག་བརྒྱུགས་པའི་ཉེན་ཁ་ཆེན་པོ་བྱུང་བ་དང་། མིའི་ཚེ་སྲོག་ཤོར་བའི་གནོད་སྐྱོན་བྱུང་མེད་པའི་གནས་ཚུལ་བྱུང་མི་འདུག

གསར་འགོད་པ། ཟླ་བ་ཕུར་བུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།