choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

རྔ་པ་ཀིརྟི་དགོན་དུ་རྒྱ་གཞུང་གིས་དམ་དྲག་ཇེ་ཆེར་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༨ཚེས་༡༩ཉིན་སྤེལ། འདི་ག་གསར་ཁང་དུ་འདི་ཟླའི་ཚེས་༡༩ཉིན་འབྱོར་བའི་གནས་ཚུལ་ལ་གཞིགས་ན། ༢༠༡༦ལོའི་ཟླ་༧ཚེས་༢༨ཉིན་རྔ་བ་རྫོང་གི་འབྲེལ་ཡོད་ལས་བྱེད་པས་རྔ་བ་ཀིརྟིའི་དགོན་གྱི་གྲྭ་ཤག་རེ་རེ་བཞིན་དུ་གྱོད་དཔེ་ཀློག་དེབ་ཟེར་བའི་དེབ་ཆུང་ཞིག་འགྲེམས་སྤེལ་བྱས་ཡོད་འདུག

China-Repression-Tibet-Ngaba-2016དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ནས་གསུངས་པ་ལྟར་ན། དེབ་ཆུང་དེའི་ནང་དུ་རང་ལུས་མེར་སྲེག་གིས་ཞི་བའི་ངོ་རྒོལ་སྐད་འབོད་དང༌ྋགོང་ས་མཆོག་གི་སྐུ་པར་འཕྱར་ནས་ཞི་བའི་གོམ་བགྲོད་གནང་བ་སོགས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཁྲིམས་འགལ་ཡིན་ལུགས་ཀྱིས་ཉེས་ཆད་གཅོད་དགོས་ཚུལ་རྒྱ་གཞུང་གིས་ནན་འགྲེལ་བྱས་ཡོད་པ་རེད།

དེ་བཞིན་སྐད་འཕྲིན་སོགས་རྒྱུད་ལམ་ནས་ཕྱི་ཕྱོགས་ལ་ས་གནས་ཀྱི་གནས་ཚུལ་སྐུར་བ་སོགས་རྒྱལ་ཁབ་ཀྱི་གསང་དོན་ཕྱི་ལ་བསྒྲགས་པའི་ཉེས་ཆད་གཅོད་རྒྱུ་སོགས་ཀྱི་ནང་དོན་འཁོད་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ཡོད་པ་ཞིག་སྤྲད་དེ་གྲྭ་པ་རེ་རེ་བཞིན་དུ་འདི་ལ་སློབ་སྦྱོང་ནན་ཏན་བྱེད་དགོས་ཚུལ་གྱི་བཙན་བཀའ་བཏང་འདུག དེའི་སྐོར་ལ་རྔ་བ་རྫོང་གི་དགོན་པ་ཁག་བཞི་བཅུ་ལྷག་བསྡུས་ནས་ཚོགས་འདུ་ཚོགས་ཤིང་བཅའ་ཁྲིམས་དགོན་པར་བསྐྱལ་བའི་ལས་དོན་ལེགས་འགྲུབ་བྱུང་ཚུལ་རྔ་བའི་གསར་འགྱུར་ནང་བསྒྲགས་ཡོད།

དེའི་སྐོར་ལ་བོད་ནང་ནས་འགྲེལ་བརྗོད་གནང་དོན། ལས་འགུལ་འདི་ནི་རྒྱ་གཞུང་གིས་བོད་ཐོག་ལ་གདུག་རྩུབ་ཀྱི་བྱ་སྤྱོད་ག་རེ་སྤེལ་ཡང་ཁྲིམས་མཐུན་ཡིན་ལུགས་དང༌། བོད་མི་རྣམས་ཀྱིས་བདེན་པའི་གནས་ལུགས་རེ་བཤད་པ་དང༌། སྡུག་སྨྲེ་རེ་བཏོན་པའང་ཁྲིམས་འགལ་ཡིན་ལུགས་སྒྲུབ་བྱེད་ཀྱི་དབང་མཐའ་སྒེར་གཅོད་ཀྱི་གདོང་རིས་ངོ་མ་ཞིག་ཡིན་པའི་བསམ་ཚུལ་མང་པོ་ཡོང་གི་འདུག

དེ་སྔོན་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ཀྱི་ཨ་ཁུ་དང་ཤག་གི་དགེ་རྒན་ཡིན་པའི་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་ལ་ཕུན་ཚོགས་བསད་པའི་ཉེས་མིང་གཡོག་ནས་ལོ་༡༡བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེ་བཞིན་དགེ་འདུན་པ་བློ་བཟང་དཀོན་མཆོག་གིས་རང་ལུས་མེར་སྲེག་ལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་གཡོག་ནས་ལོ་གཉིས་ནར་འགྱང་གིས་སྲོག་ཐོག་གི་ཉེས་ཆད་བཅད་པ། ཡང་མཛོད་དགེ་རྫོང་ནས་དཀོན་མཆོག་དབང་མོས་རང་ལུས་མེར་སྲེག་གནང་བ་མོ་རང་གི་ཁྱོ་ག་སྒྲོལ་མ་སྐྱབས་ལ་བཟའ་ཟླ་བསད་པའི་ཉེས་མིང་གཡོག་ནས་སྲོག་ཐོག་གི་ཉེས་ཆད་བཅད་པ་སོགས་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་ཤུལ་ལུས་འབྲེལ་ཡོད་ནང་མི་སྤུན་མཆེད་སོགས་ལ་མི་སྤྱོད་ལས་འདས་པའི་དཀའ་སྡུག་མནར་གཅོད་སྣ་ཚོགས་བཏང་ཡོད་པ་རེད། ཅེས་གནས་ཚུལ་དུ་བཀོད་གནང་འདུག

དེབ་ཆུང་དེའི་ནང་དུ་གསལ་བའི་གྱོད་དཔེ་ལྔ་གཤམ་དུ་བཀོད་ཡོད་པས་གཟིགས་རོགས།

གྱོད་དཔེ་དང་པོ། མི་མང་ཚོགས་སར་ཁ་བྲལ་དར་ཆ་དང་ཁ་བྲལ་ནང་དོན་ལྡན་པའི་བསྒྲག་ཡིག་འགྲེམས་པར་རྒྱལ་ཁབ་ལ་ཁ་བྲལ་གཏོང་བའི་ངན་སྐུལ་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།

གྱོད་དཔེ་གཉིས་པ། མི་མང་ཚོགས་སར་ཏཱ་ལེ་བླ་མའི་འདྲ་པར་ཕྱར་ཏེ་ཁ་བྲལ་གྱི་ཁ་འབོད་སྒྲོག་པ་དེ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གཏོང་བའི་ནག་ཉེས་སུ་བརྩི།

གྱོད་དཔེ་གསུམ་པ། མི་མང་ཚོགས་སར་རང་ལུས་མེར་སྒྲོན་ན་ཉེན་ཁ་ཆེ་བའི་བྱེད་ཐབས་བཀོལ་ནས་སྤྱིའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་སུ་བརྩིས་ནས་ཁྲིམས་ཆད་གཅོད་པ།

གྱོད་དཔེ་བཞི་པ། རང་ལུས་མེ་རུ་སྒྲོན་པར་ངན་སྐུལ་སླུ་བྲིད་བྱས་ན་བསམ་བཞིན་དུ་མི་གསོད་པའི་ནག་ཉེས་སུ་བརྩིས་ནས་ཁྲིམས་ཆད་གཅོད་དགོས།

གྱོད་དཔེ་ལྔ་པ། སྐད་འཕྲིན་བརྒྱུད་དེ་ཁྲིམས་འགལ་གྱིས་ཕྱི་རྒྱལ་ལ་རྒྱལ་ཁབ་ཀྱི་གསང་ཡིག་དང་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་རི་མོ། བརྙན་ཐུང་རྒྱུ་ཆ་སོགས་བསྐུལ་ན་ཁྲིམས་འགལ་གྱིས་གསང་འཕྲིན་གཏོང་བའི་ནག་ཉེས་དང་རྒྱལ་ཁབ་ལ་ཁ་བྲལ་གཏོང་བར་ངན་སྐུལ་ནག་ཉེས་སོགས་ཉེས་འགར་སྡེབ་བསགས་ཀྱིས་ཁྲིམས་ཆད་གཅོད་རྒྱུ། ཞེས་སོགས་འཚུད་ཡོད་འདུག

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།