choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཞི་རྒོལ་བ་དགེ་འདུན་བློ་བཟང་ལགས་བཙན་འཁྲིད་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༡༡ཉིན་སྤེལ། སྒང་ལ་སེར་ཤུལ་རྫོང་དབོན་པོ་རུ་ཁག་གཉིས་པའི་རྩྭ་ས་ཁྲིམས་ལྟར་བགོ་བཤའ་རྒྱག་དགོས་པ་དང་། བཙན་གཉོམ་ལ་མ་ལྟོས་པར་རྩྭ་སའི་བདག་དབང་ཕྱིར་སྤྲོད་དགོས་ཞེས་པའི་ཡི་གེ་བྲིས་ཏེ་ཞུ་འབོད་ལས་འགུལ་སྤེལ་མ་ཐག་ཉེན་རྟོག་པ་ཁ་ཤས་བསླེབས་ཏེ་རྒྱུ་མཚན་ཅི་ཡང་མ་དྲིས་བར་ཁོང་རླངས་འཁོར་ནང་དུ་བཅུག་སྟེ་བཙན་འཁྲིད་བྱས་ཡོད་འདུག

altདེ་ཡང་འདི་ཟླའི་ཕྱི་ཚེས་ ༡༠ ཉིན་སེར་ཤུལ་རྫོང་ཁོངས་ཀྱི་དགེ་འདུན་པ་བློ་བཟང་བཟོད་པ་ཞུ་བ་ཞིག་གིས། སེར་ཤུལ་རྫོང་མི་མང་སྲིད་གཞུང་གི་སྒོ་ཆེན་འགྲམ་དུ་གུར་ཆུང་ཞིག་ཕུབ་སྟེ། རས་དཀར་པོ་ཞིག་གི་སྒང་ལ་སེར་ཤུལ་རྫོང་དབོན་པོ་རུ་ཁག་གཉིས་པའི་རྩྭ་ས་ཁྲིམས་ལྟར་བགོ་བཤའ་རྒྱག་དགོས་པ་དང་། བཙན་གཉོམ་ལ་མ་ལྟོས་པར་རྩྭ་སའི་བདག་དབང་ཕྱིར་སྤྲོད་དགོས་ཞེས་པའི་ཡི་གེ་བྲིས་ཏེ་ཞུ་འབོད་ལས་འགུལ་སྤེལ་ཡོད་ཀྱང་། དེ་མ་ཐག་ཉེན་རྟོག་པ་ཁ་ཤས་བསླེབས་ཏེ་རྒྱུ་མཚན་ཅི་ཡང་མ་དྲིས་བར་ཁོང་རླངས་འཁོར་ནང་དུ་བཅུག་སྟེ་བཙན་འཁྲིད་བྱས་ཡོད་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཁ་གསལ་ཐོན་པ་ལྟར་ན། གྲྭ་བློ་བཟང་བཟོད་པ་ལགས་ཀྱིས་ལོ་ཤས་གོང་ནས་བཟུང་དཔོན་རིགས་རིམ་པ་བརྒྱུད་དེ་དཔོན་པོའི་རྩྭ་ས་འདྲ་མཉམ་གྱིས་བགོ་བཤའ་རྒྱག་དགོས་པའི་ཞུ་གཏུགས་ཡང་ཡང་གནང་ཡོད་ཀྱང་། གོང་རིམ་མགོ་ཁྲིད་ཚོས་མ་རིག་མ་གོ་ཁུལ་བྱས་ཏེ་ཐག་གཅོད་ལན་འདེབས་གང་ཡང་བྱས་མེད་པར་བརྟེན། ཁོང་འུ་ཐུག་ཐབས་ཟད་དེ་སྲིད་གཞུང་གི་སྒོ་ཆེན་འགྲམ་དུ་ཞུ་འབོད་ལས་འགུལ་སྤེལ་དགོས་བྱུང་ཡོད་འདུག

རྒྱ་གཞུང་གིས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་རྣམ་པ་གསར་པ་སོགས་ལ་ཁ་གཡར་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ས་ཆ་རྣམས་བཙན་འཕྲོག་དང་། བཙན་གྱིས་ས་ཆ་བཅད་བགོས་བྱས་ཏེ་མང་ཚོགས་ཀྱི་འཚོ་བར་བརྡབ་གསིག་མང་པོ་གཏོང་བཞིན་ཡོད་པ་ལྟར། དེ་སྔོན་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྲིད་གཞུང་གིས་བཙན་དབང་གིས་འབྲོག་པའི་ས་ཆ་བཅད་བགོས་བྱས་པ་མ་ཟད། སྲིད་གཞུང་གི་ལས་བྱེད་དང་རྒྱབ་རྩ་ཅན་གྱི་ཁྱིམ་ཚང་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་དམིགས་བསལ་སྤྲད་པར་བརྟེན། མང་ཚོགས་ནང་རྙོག་ཟིང་བསླངས་ཡོད་པ་མ་ཟད། ཁྱུང་མཆུ་སྡེ་བའི་འབྲོག་པ་ཁག་ཅིག་གིས་ས་ཆ་བཅད་བགོས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། སྡེ་བའི་འཐུས་མི་ཁག་ཅིག་རྫོང་སྲིད་གཞུང་ལ་ཞུ་གཏུག་བྱེད་དུ་འགྲོ་སྐབས། སྲིད་གཞུང་གི་ལས་བྱེད་ཚོས་ས་ཆ་རྒྱལ་ཁབ་ཀྱི་ཡིན་སྟབས། ཁྱེད་ཚོ་འབྲོག་པ་ཚོར་རྩྭ་བཟའ་བའི་དབང་ཆ་མ་གཏོགས་གཞན་གྱི་བདག་དབང་གང་ཡང་མེད་པ་དེ་ཤེས་དགོས་པ་དང་། གལ་སྲིད་སྲིད་གཞུང་གི་ཐག་གཅོད་དང་ལེན་མ་བྱས་ན་ཉེན་རྟོག་པར་སྐད་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་པ་མ་ཟད། རྗེས་ཕྱོགས་ཞུ་གཏུག་བྱེད་དུ་ཡོང་བ་ཡིན་ན་བཙོན་ཁང་དུ་བཅུག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༣༢༠༡༦༡༠༢༦
བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་གཏང་སྟེ།།
དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོངས་བར་མཛོད།།



བརྗོད་གཞི་གཞན་ཁག་ལ་གཟིགས།