choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བླ་རུང་སྒར་བཙན་གཏོར་སྐབས་བཙུན་མ་ཞིག་གིས་རང་སྲོག་བཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༠༩ཉིན་སྤེལ། བཙུན་མ་རིག་འཛིན་སྒྲོལ་མ་ཞུ་བ་ཞིག་གིས་རྒྱ་གཞུང་གི་སུན་གཙེར་ལ་མ་བཟོད་པར་སྐེ་ལ་ཐག་པ་བརྒྱབ་ནས་རང་སྲོག་བཅད་ཡོད་འདུག

altའདི་གར་འབྱོར་བའི་གནས་ཚུལ་ལྟར་ན། གསེར་རྟ་བླ་རུང་སྒར་གྱི་བཙུན་མ་ཞིག་གིས་རྒྱ་གཞུང་གི་བཀོད་ཁྱབ་འོག་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་སློབ་གཉེར་ཚོའི་སྡོད་ཤག་གཏོར་བ་སེམས་ཀྱི་མ་གཟོད་པར་རང་སྲོག་བཅད་ཡོད་འདུག

ཕྱི་ཟླ་ ༧ ཚེས་ ༢༠ ནས་བཟུང་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་མང་པོ་བཙན་གྱིས་གཏོར་ཏེ་ད་ལྟའི་བར་གྲྭ་བཙུན་གྱི་ཤག་ ༦༠༠ ལྷག་གཏོར་ཡོད་སྟབས། ཆོས་སྒར་དུ་སློབ་གཉེར་གནང་བཞིན་ཡོད་པའི་བཙུན་མ་རིག་འཛིན་སྒྲོལ་མ་ཞུ་བ་ཞིག་གིས་རྒྱ་གཞུང་གི་སུན་གཙེར་ལ་མ་བཟོད་པར་སྐེ་ལ་ཐག་པ་བརྒྱབ་ནས་རང་སྲོག་བཅད་ཡོད་པ་དང་། མོའི་ཁ་ཆེམས་ཡི་གེ་ཞིག་བཞག་ཡོད་པའི་ནང་དུ། བླ་རུང་སྒར་དུ་སློབ་གཉེར་བྱས་པའི་རིང་རྒྱ་གཞུང་གིས་སུན་གཙེར་སྣ་ཚོགས་བཟོས་ཏེ་སྡུག་བསྔལ་བཟོད་ཐབས་མེད་སྐོར་བརྗོད་ཡོད་པ་མ་ཟད། ཤུལ་དུ་སྒོར་མོ་འགའ་བཞག་ཡོད་པ་དེ་དགོན་པར་འབུལ་དགོས་པའི་ཁ་ཆེམས་བཞག་ཡོད་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།