choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གྲྭ་མཁྱེན་རབ་མཐར་ཕྱིན་ལགས་སྐུ་གྲོངས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༠༩ཉིན་སྤེལ། ཕྱི་ལོ་ ༢༠༡༣ ལོའི་ལོ་མཇུག་ཏུ་བཙོན་འཇུག་དུས་ཡུན་ཚང་སྟེ་ཀློད་གྲོལ་བཏང་ཡོད་ཀྱང་རུང་། ད་རེས་ཕྱི་ཚེས་བདུན་ཉིན་ནད་མནར་གྱིས་སྐུ་མ་ཟིན་འདུག

altའདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༡༣ ལོའི་ལོ་མཇུག་ཏུ་བཙོན་འཇུག་དུས་ཡུན་ཚང་སྟེ་ཁོང་ཀློད་གྲོལ་བཏང་ཡོད་ཀྱང་། བཙོན་ཁང་དུ་རྡུང་རྡེག་མནར་གཅོད་ཚད་མེད་བཏང་བ་དང་འཚོ་རྟེན་སྨན་བཅོས་ཀྱི་ཆ་རྐྱེན་ཞན་པོ་ཡིན་པའི་རྐྱེན་གྱིས། ཁོང་གཅོང་ནད་ཅན་དུ་གྱུར་ཏེ་མ་ཤི་ཙམ་གྱི་གནས་སྟངས་འོག་ཀློད་གྲོལ་ཐོབ་ཡོད་པ་དང་། དེ་ནས་རང་ཁྱིམ་དུ་བསྡད་དེ་ཡུན་རིང་སྨན་བཅོས་བྱས་ཡོད་ཀྱང་ཕན་འབྲས་མ་ཐོན་པར་ཟླ་འདིའི་ཕྱི་ཚེས་ ༧ ཉིན་སྐུ་གྲོངས་ཡོད་པ་དང་།
ཁོང་ནི་དིང་རི་རྫོང་གྲུ་བཞི་གྲོང་མཚོ་ནས་ཡིན་པ་དང་། ད་ལོ་དགུང་གྲངས་ ༤༠ ཙམ་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ པའི་ནང་དིང་རི་ཤེལ་དཀར་ཆོས་སྡེའི་དགེ་འདུན་པ་ཚོས་རྒྱ་གཞུང་གི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། ས་གནས་མང་ཚོགས་ལའང་བརྒྱུད་སྐུལ་བྱས་ཏེ་གཞི་རྒྱ་ཆེ་བའི་ངོ་རྒོལ་ཁྲོམ་སྐོར་ལས་འགུལ་སྤེལ་བའི་གསང་བརྡ་ཕྱིར་གྱར་བར་བརྟེན། ཕྱིས་སུ་རྒྱ་གཞུང་ཉེན་རྟོག་པས་ཤེལ་དཀར་ཆོས་སྡེའི་ཨུ་ཡོན་གྲྭ་མཁྱེན་རབ་མཐར་ཕྱིན་ལགས་ཀྱི་གཙོས་དགེ་འདུན་པ་ཞལ་གྲངས་ ༡༣ འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་ནས་དགེ་འདུན་པ་གསུམ་ལ་ལོ་གཅིག་དང་ཕྱེད་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། གྲྭ་མཁྱེན་རབ་མཐར་ཕྱིན་ལགས་ངོ་རྒོལ་ལས་འགུལ་གྱི་བྱེད་གཏེ་ཡིན་པའི་ཉེས་མིང་འོག་ལོ་ལྔ་བཙོན་འཇུག་ཁྲིམས་ཐག་བཅད་དེ། ལོ་གསུམ་ལ་གཞིས་ཀ་རྩེ་བཙོན་ཁང་དུ་བཅུག་པ་དང་དེ་ནས་ལོ་གཉིས་རིང་ལྷ་སའི་ཆུ་ཤུར་བཙོན་ཁང་ནང་དུ་བཅུག་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།