choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཀིརྟི་དགོན་པའི་གྲྭ་ཨ་གྲགས་ལ་མི་ལོ་༣གྱི་ཁྲིམས་བཅད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༨ཚེས་༤ཉིན་སྤེལ། འདི་ག་གསར་ཁང་དུ་འདི་ཟླའི་ཚེས་༤ཉིན་གནས་ཚུལ་འབྱོར་གསལ་ལྟར་ན། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་ཨ་གྲགས་ལགས་ལ་གསང་བའི་ཐོག་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་སུད་སིར་གནས་སྡོད་དགེ་བསོད་ནམས་ལགས་ཀྱིས་འདི་གར་གསུངས་དོན། ཀིརྟི་དགོན་པའི་གྲྭ་ཨ་གྲགས་ལགས་ད་ལྟ་རྒྱ་ནག་གི་གྲོང་ཁྱེར་ཟི་ཁྲོན་ཟེར་བར་ཐག་ཉེ་སར་ཡོད་པའི་མེ་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

ཕྱི་ལོ་༢༠༡༥ཟླ་༩ཚེས་༡༠ཉིན་གྱི་སྔ་དྲོ་རྔ་པ་ཀིརྟི་དགོན་གྱི་གྲྭ་ཨ་གྲགས་ལགས། རང་ལོ་༢༠ཙམ་ཡིན་པ་ཁོང་གིས་ ”བོད་ལ་རང་དབང་དགོས། ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་” ཅེས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་་བྱེད་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་བྱས་འདུག་པར་དེ་མ་ཐག་ཉེན་རྟོག་པས་ཉེས་རྡུང་གཏོང་བཞིན་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།

གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་གསུངས་པར་གཞིགས་ན། སྐབས་དེར་ཁོང་གིས་ཞི་རྒོལ་དེར་མཐུད་ནས་ཉེ་འཁོར་གྱི་བོད་མི་མང་པོས་སྐད་འབོད་སྣ་ཚོགས་བྱེད་སྐབས་ཉེན་རྟོག་པས་མི་མང་རྣམས་ལ་གང་བྱུང་གཅར་རྡུང་གཏོང་བཞིན་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།