choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལི་ཐང་དུ་དུས་སྟོན་ལ་རྒྱའི་འདོད་བློ་མ་ཁཻངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༨ཚེས་༨ཉིན་སྤེལ། བོད་མདོ་ཁམས་ལི་ཐང་དུ་བརྒྱད་གཅིག་དམག་གི་དུས་ཆེན་ཟེར་བ་སྲུང་བརྩི་བྱས་པར་རྒྱའི་འདོད་པ་ཁེངས་མེད་པའི་སྐོར་གྱི་གནས་ཚུལ་ཐོན་ཡོད་འདུག

དེ་ཡང་གནས་ཚུལ་མཁོ་གཏོང་བ་སེར་སྨད་བློ་དགའ་ལགས་ཀྱིས་འདི་ག་གསར་ཁང་ལ་འགྲེལ་བརྗོད་གནང་དོན། ལི་ཐང་གི་ཕུལ་བྱུང་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ཀྱིས། ཕྱི་ལོ་ ༢༠༠༧/༨/༡ ཉིན། བོད་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་སྐད་འབོད་ཤུགས་ཆེར་བྱས་པས་ཁོང་འཕྲལ་དུ་འཛིན་བཟུང་བྱས་པ་དང༌། དེ་ནས་བཟུང་ད་བར་མི་ལོ་ཧྲིལ་པོ་བརྒྱད་ཀྱི་རིང་བརྒྱད་གཅིག་དམག་གི་དུས་ཆེན་སྲུང་བརྩིའི་རྟ་རྒྱུག་འདུ་འཛོམས་དེ་ལི་ཐང་དུ་ཚོགས་ཐུབ་མེད། དེ་སྔ་དུས་ཆེན་དེ་ལི་ཐང་གྲོང་འདབ་ཀྱི་མདོ་སྡེ་ཐང་ཞེས་པའི་སྤང་ཐང་དེར་འདུ་འཛོམས་བྱེད་ཀྱི་ཡོད་ཀྱང༌། ད་ལོ་དུས་ཆེན་དེ་བསྐྱར་གསོའི་ཆེད་ལི་ཐང་འཐིལ་ནས་ལེ་དབར་ ༥༠ ལྷག་སར་ཡོད་པའི་འབུམ་ཡག་ཐང༌། ཞེས་པའི་འབྲོག་ས་དེར་དུས་ཆེན་སྲུང་བརྩི་ཡི་རྟ་རྒྱུག་འདུ་འཛོམས་ཤིག་བསྡུས་ཡོད་ཀྱང༌། དེར་རྒྱའི་འདོད་པ་ཁེངས་མེད་པ་རེད།  

དེར་བརྟེན། “བརྒྱད་གཅིག” དམག་བཙུགས་དུས་ཆེན་སྲུང་བརྩིའི་ཆེད་ཟློས་གར་འཁྲབ་སྟོན་བྱས་པ་སོགས་ཀྱི་གནས་ཚུལ་མང་པོ་གུང་ཁྲན་ཏང་གི་དྲྭ་རྒྱའི་གསར་འགྱུར་སོགས་སུ་ཆེད་གཏོང་བྱས་ཀྱང༌། དེ་དག་དང་ཐད་ཀར་འབྲེལ་བ་ཆེན་པོ་ཡོད་པའི་ལི་ཐང་ནས་བརྒྱད་གཅིག་དམག་གི་དུས་ཆེན་སྲུང་བརྩི་བྱས་པ་དེ་བརྒྱུད་ལམ་དེ་དག་ཏུ་ཆེད་དུ་བཏང་མེད་པ་རེད།

ལི་ཐང་རྫོང་གིས་ ༢༠༡༦/༧/༢༥ ནས་བཟུང་ཚེས་ ༣༡ བར་ཉིན་དྲུག་གི་རིང་གྲ་སྒྲིག་བྱས་ཏེ། ཕྱི་ཟླ་ ༨ ཚེས་ ༡/༢/༣ བཅས་ལ་ཉིན་གསུམ་ལ་ཚོགས་ཡོད། སྤྱིར་ལི་ཐང་རྫོང་གཅིག་ལ་ཤང་ ༢༤ དང༌། མི་གྲངས་ ༤༦༤༠༥ ཡོད་པ་རེད། རྫོང་གིས་ཇུས་འགོད་བྱེད་སྟངས་ཀྱི་ཆ་ནས། གཡོན་རུའི་ཧོར་རྙིང་སྡེ་པའི་དབྱར་སྐྱིད་རྟ་རྒྱུག་ཟིན་པ་དང༌། ས་གནས་དེ་རང་དུ་ལི་ཐང་གཡོན་རུའི་ཁོངས་ནས་ཚེ་མགོན་དང༌། དཔོན་སྐོར། ཧོར་རྙིང༌། བདག་གཞུང་མ་བཅས་ཀྱི་ཡུལ་ཚོ་བཞིའམ་རྒྱ་སྐད་ལྟར་ན་ཤང་བཞི་ཡིས་གུར་སྒར་བརྒྱབ་བཅུག  ཁྱོན་སྡོད་གུར་ ༢༠༠ ལྷག་ཕུབ་ཡོད་པ་དང་མི་གྲངས་ ༩༣༠༠ ལྷག་འཛོམས་ཡོད་པ་རེད། རྫོང་གི་ལས་ཁུངས་ ༡༨ ཀྱིས་གུར་ཕུབ་ནས་ལས་བྱེད་ཀྱི་ཕ་མ་དང་འབྲེལ་ཡོད་ཙམ་ཉར་ཆོག་པ་ལས་གཞན་དོ་དམ་བྱས།

རྒྱང་གྲགས་ནས་དྲིལ་བསྒྲགས་བྱས་པ་ལྟར་ན། ར་རྔ་ཁ་ནས་དམག་མི་ ༨༠༠ སླེབས་ཡོད་པ་དང་གོས་ནག་ཅན་གྱི་དྲག་དམག་ ༢༠༠ ཡོད། ད་ལན་དམག་གི་དུས་ཆེན་འདིར་རྒྱག་རེས་བྱེད་མི་ཆོག སྡེ་ཤོག་ཕན་ཚུན་དབར་ཕན་ཚུན་དཀྲུགས་ཤིང་རྒྱག་མི་ཆོག སྡེ་པ་སོ་སོར་མིང་ངན་བཟོ་བའི་བྱ་བ་རྩོམ་མི་ཆོག དོ་བདག་སོ་སོ་ནས་གནས་ཚུལ་གང་བྱུང་མི་འབུད་པའི་འགན་ལེན་བྱ་དགོས། ཤོག་ཁའི་སྡེ་དཔོན་སོ་སོ་ལའང་འགན་ཆེན་པོ་ཡོད། རང་ཁོངས་ཀྱི་མི་གྲངས་དང་འགྲུལ་པ་མི་ངོ་ཤེས་པ་བྱ་དགོས་ཟེར།

དེ་སྔ་ ༢༠༠༧ གྱི་གོང་ནས་རྟ་རྒྱུག་དུས་ཆེན་དེར་མཉམ་ཞུགས་བྱེད་མཁན། ལི་ཐང་རྫོང་གི་རང་ཁོངས་ནས། ལི་ཐང་གྲོང་ཤོག་བརྒྱད། ལི་ཐང་དགོན་པ། མོ་ལ་སྟོད་སྨད་བར་གསུམ། འཇའ་བ། ཚོ་གསུམ། སྣ་བུ་སོགས་གོང་གི་ཡུལ་ཚོའམ་ཤང་བཞི་ཕུད་པའི་ཤང་ལྷག་མ་ཉི་ཤུ་དང༌། ལི་ཐང་ཡུལ་མིའི་ཁོངས་ནས་མགོ་ལོག་དང༌། ཨོ་ཐོག  སྡེ་ཚ་སོགས་དང༌། རྫོང་གཞན་པའི་ཁོངས་ནས་སྡེ་རོང་དང་འདབ་པ། ཆ་འཕྲེང༌། འབའ་པ་སོགས་ནས་མི་སྣ་མཉམ་ཞུགས་བྱེད་མ་བཅུག་པ་རེད། དེའི་ཐད་ལི་ཐང་རྫོང་རང་ནས་དམ་དྲག་བཀག་འགོག་ནན་ཆེར་བྱས་འདུག

སྐབས་དེའི་རྩེད་མོའི་རིགས་ནི། གཙོ་བོ་རྟ་རྒྱུག་དང༌། གཡག་རྒྱུག  གླུ་ལེན་པ། བྲོ་འཆམ་པ། ཤད་ཤུགས་བསྡུར་བ་སོགས་སྣ་ཚོགས་ཤིག་གོ་སྒྲིག་བྱས་ཡོད་ཀྱང༌། རྩེད་མོ་དངོས་གཞིའི་སྐབས་སུ་ཕྱོགས་བཞི་ནས་དམག་གིས་ལྟ་རྟོགས་ནན་པོ་བྱེད་པ་དང་ཕྱོགས་རེར་དམག་མི་བརྒྱ་སྐོར་ཙམ་ཡོད།

རྒྱུག་རྟའི་བང་རྩལ་འགྲན་པའི་ཁྲོད་ཨང་རིམ་བཅུ་པ་བར་བྱ་དགའ་ཡོད་པ་དང༌། ཨང་དང་པོར་རྒྱ་སྒོར་ ༥༠༠༠༠ སྤྲད་ཡོད། འོན་ཀྱང༌། ལྡོག་ཕྱོགས་ནས་མི་ལ་ན་རྒྱུ་བྱེད་པ་སོགས་ཀྱི་གནས་ཚུལ་ངན་པ་ཇི་བྱུང་གི་འགན་ཡོངས་རྫོགས་ལི་ཐང་རྫོང་གིས་ལེན་གྱི་ཡིན་ཟེར། སྐབས་དེར་རྒྱུག་རྟ་ ༤༠༠ ཙམ་ཡོད་ནའང༌། རྒྱུག་རྟའི་བང་རྩལ་འགྲན་པར་སྡེ་ཤོག་རེ་ནས་རྟ་བཅུ་བཞི་རེ་ཐོ་འགོད་བྱ་དགོས་ཀྱི་ཡོད་པ་རེད།

དམག་གི་དུས་ཆེན་དེར་མཉམ་ཞུགས་བྱེད་མཁན་ཚོའི་ཁྲོད་ནས། ཐེངས་འདིར་དམིགས་བསལ་སྐྱིད་པོ་བྱུང་སོང་ཟེར་ངེས་མེད་ལ། འགོ་ཁྲིད་ཚོས་རྫིག་ཉམས་སྟོན་རྒྱུ་དེ་ཙམ་མ་རག་པ་དང་རྩེད་མོ་དུས་ཐོག་ཏུ་རྩེ་མ་ཐུབ་པ་སོགས་བྱུང་བས། གོ་སྒྲིག་པའི་འབྲེལ་ཡོད་ནས་བཤད་ན། ད་ལོ་ས་གནས་སུ་གློག་དང་ཆུ་མེད་པ། ལི་ཐང་འཐིལ་ནས་ལེ་དབར་ ༥༠ ཙམ་གྱི་སར་འགྲོ་དགོས་པ་སོགས་ཀྱིས་འགན་འཁུར་ལེན་དཀའ་བའི་གནས་ཚུལ་འདི་ལ་བལྟས་ན། ལོ་རྗེས་མར་ས་གནས་དེར་དམག་གི་དུས་ཆེན་དེ་ཚུགས་རྒྱུ་ཁག་པོ་རཻེད་ཟེར། སྔར་ལམ་ལྟར་ན་དུས་ཆེན་ལ་མཉམ་ཞུགས་པ་ཡོངས་རྫོགས་དངོས་གཞིའི་མཛད་སྒོར་མཉམ་ཞུགས་བྱེད་ཀྱིན་ཡོད་མོད། ད་ལོར་འབྲེལ་ཡོད་ལས་བྱེད་དང་དེའི་འབྲེལ་ཡོད་ཡིད་གཏན་འཕེལ་བ་སྐོར་ཞིག་གིས་ཟུར་དུ་མཛད་སྒོ་དངོས་གཞི་ཆུང་ཆུང་ཞིག་བསྡུ་ཐུབ་པ་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་འདུག

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།