choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བཙན་བཟུང་བྱས་ཏེ་ལོ་གཅིག་མ་ཟིན་ཙམ་ལ་ཁྲིམས་ཐག་བཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༠༢ཉིན་སྤེལ། རྔ་བ་ཀིརྟི་དགོན་གྱི་ཞི་རྒོལ་བ་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོགས་བྱས་ཏེ། ལོ་ ༣ བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟ་མོ་ཞན་བཙོན་ཁང་དུ་བཅུག་ཡོད་འདུག

altའདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ཚེས་༠༡ཉིན་རྒྱ་གཞུང་གིས་རྔ་བ་ཀིརྟི་དགོན་གྱི་ཞི་རྒོལ་བ་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ལ་ལོ་ ༣ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོགས་བྱས་ཏེ་ཁྲིམས་ཐག་གཅོད་ཡུན་ནི་ལོ་གཅིག་མ་ཟིན་ཙམ་སོང་འདུག་ལ། འདི་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་ལ་རྦད་དེ་འགལ་བའི་ཁྲིམས་ཐག་གཅོད་སྟངས་ཤིག་ཡིན་འདུག

དེ་ཡང་འདས་ལོར་ཁོང་གིས་སྐོར་རྒྱ་གར་བཞུགས་སྒར་དུ་གནས་བཞུགས་ཀ་ཉག་ཚེ་རིང་གིས་མཁོ་གཏོང་བྱས་པ་ལྟར་ན། ཕྱི་ལོ་༢༠༡༥ ཟླ་༩ ཚེས་༩ ཉིན་གྱི་བོད་ནང་གི་ཆུ་ཚོད་༡༢ ཙམ་ལ་རྔ་པ་ཀིརྟི་དགོན་པའི་གྲྭ་འཇམ་དཔལ་རྒྱ་མཚོ། རང་ལོ་༢༡ ཡིན་པ་ཁོང་གིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་པོ་ཞིག་མཐོན་པོར་བསྒྲེངས་ནས་བོད་ལ་རང་དབང་དགོས་པའི་ངོ་རྒོལ་སྐད་འབོད་གནང་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་གོམ་བགྲོད་བྱས་ཡོད་ཀྱང་།  སྐབས་ཐོག་དེར་ཉེན་རྟོག་པ་ཡོང་ནས་ཁོང་བཙན་ཁྲིད་བྱས་ཡོད་པ་མ་ཟད། ས་གནས་སུ་དམག་མི་མང་པོ་འགྲེམས་འཇོག་གིས་སྔར་ལས་དམ་དྲག་ཆེ་རུ་བཏང་བ་དང་། ཀིརྟི་དགོན་པའི་དུས་འཁོར་འདུ་ཁང་གི་གཡོན་ཕྱོགས་སུ་ཡོད་ པའི་ཁོང་གི་གྲྭ་ཤག་ཏུའང་ཉེན་རྟོག་པས་སྔོག་བཤེར་ནན་པོ་བྱས་ཡོད་འདུག་ཅེས་དང་།

གཞན་ཡང་ཁོང་གིས་མུ་མཐུད་བརྗོད་པ་ལས། ཁོང་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཕ་སུར་ཡ་དང་། མ་ཏཱ་རེ་སྐྱིད་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་ཡོད་པའི་ནང་གི་ཆུང་ཤོས་དེ་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་བློ་རིག་འཛིན་གྲྭ་ཡིན་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།