choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མི་ལོ་ཉེར་གཅིག་བཙོན་དུ་བཅུག་པའི་ཆབ་སྲིད་བརྩོན་པ་ཞིག་གློད་གྲོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༢༧ཉིན་སྤེལ། རྒྱ་གཞུང་གིས་ལོ་ངོ་ཉེར་གཅིག་རིང་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་སོག་དཀར་བློ་གྲོས་རྒྱ་མཚོ་ལགས་འབྲི་རུ་རྫོང་ཙམ་མདའ་བཙོན་ཁང་ནས་ཀློད་གྲོལ་བཏང་འདུག

འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༩ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་སོག་དཀར་བློ་གྲོས་རྒྱ་མཚོ་ལགས་འབྲི་རུ་རྫོང་ཙམ་མདའ་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་པ་དང་། ད་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུགalt

བོད་ཀྱི་ཆབ་སྲིད་བཙོན་པ་སོག་དཀར་བློ་གྲོས་རྒྱ་མཚོ་ལགས་ཐོག་མར་སྒེར་འཁོན་ཞིག་གི་རྐྱེན་པས་ཕྱི་ལོ་ ༡༩༩༣ ལོའི་ཟླ་༡ཚེས་༡༧ཉིན་ནག་ཆུ་འབྲིང་རིམ་ཁྲིམས་ཁང་གིས་ལོ་༡༥ ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། ༡༩༩༥ ལོའི་ཟླ་༣ཚེས་༤ཉིན་ཁོང་གིས་བཙོན་ཁང་གི་བཙོན་མ་ཚོར་སྐུལ་སློང་བྱས་ཏེ། “བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་མི་ས་ཡ་དྲུག་རྡོག་རྩ་ཆིག་སྒྲིལ་ཡིན”ཞེས་བཙོན་ཁང་དུ་སྐད་འབོད་བྱས་པ་མ་ཟད། ཁོང་གི་ལག་བྲིས་ཡིག་ཆ་ ༣༠༠ལྷག་བཀྲམ་པར་བརྟེན་ནས། བཙོན་སྲུང་མགོ་ཁྲིད་ཚོས་ཁྲིམས་ཁང་དུ་སྙན་ཞུ་བརྒྱབ་པ་དང་། ཁྲིམས་ཁང་ནས་ཉིན་གསུམ་ནང་ཚུད་ལ་ཁོང་དམར་གསོད་གཏོང་རྒྱུའི་བཀའ་རྒྱ་འབྱོར་ཡོད་པ་དང་། དུས་མཚུངས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ལྟ་རྟོག་ཚོགས་པའི་འགན་འཛིན་ནས་རྒྱ་གཞུང་ལ་བློ་གྲོས་རྒྱ་མཚོ་བསད་མི་ཆོག་པའི་གནོན་ཤུགས་སྤྲད་པ་དང་།  རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་འཕྲིན་ཡིག་དང་གནོན་ཤུགས་སྤྲད་པར་བརྟེན་ནས་རྒྱ་གཞུང་གིས་ཁོང་ལ་ཁྲིམས་ཁང་ནས་ལོ་༦གི་སྲོག་ཁྲིམས་ཕར་འགྱངས་བྱས་པ་དང་། ཆབ་སྲིད་ཐོབ་ཐང་ལོ་༣འཕྲོག་ནས་ཁྱོན་ལོ་༢༡གི་ཁྲིམས་ཐག་བཅད་ཡོད་པ་རེད།

ཕྱི་ལོ༢༠༡༣ཟླ་༥ཚེས་༢ཉིན་ཁོང་བཙོན་ཁང་ནས་ཀློད་གྲོལ་གྱིས་ལོ་༤རིང་བཟང་བཙོན་བྱ་རྒྱུ་གཏན་འཁེལ་བཟོས་ཡོད་པ་དང་། བཟང་བཙོན་བྱས་པའི་དུས་ཡུན་ནང་ཁོང་གིས“ང་ལ་ཆབ་སྲིད་དབང་ཚད་མི་གཞན་པ་ནང་བཞིན་སླེབས་དུས། ངས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བདེའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་མཆོག་ཡིན་པས་ཁོང་ཉིད་གདན་ས་ལ་མྱུར་དུ་ཕེབས་དགོས་པ་དང་། རྒྱ་ནག་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཚང་མའི་སྐམ་མཚོ་མཁའ་གསུམ་གྱི་དམག་མི་ཐམས་ཅད་མེད་པ་བྱེད་དགོས། བོད་ཡུལ་འདི་མིང་དོན་མཚུངས་པའི་འཛམ་གླིང་གི་ཞི་བདེའི་ལྟེ་གནས་གཙོ་བོ་ཞིག་ཆགས་དགོས། དེའི་ཕྱིར་ངས་ཞི་བདེའི་ལས་འགུལ་དང་འབོད་སྒྲ་འཛམ་གླིང་ལ་ཕན་ཐོག་ཡོད་པ་ཞིག་བྱེད་རྒྱུ་ཡིན་ལ། གནས་ཚུལ་དེ་ངས་བཙོན་ནས་ཀློད་གྲོལ་བཏང་བ་ཚོ་ལའང་བཤད་ཡོད”ཅེས་བརྗོད་ཡོད་སྐོར་བཀོད་འདུག

ཡང་གནས་ཚུལ་ནང་། རིང་མིན་ཉེ་བའི་ཆར་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཤར་ཕྱོགས་རྫོང་ཁག་ཅིག་ཏུ་རྒྱལ་སྤྱི་དང་རྒྱ་ནག་རང་གི་ཁྲིམས་དང་མི་མཐུན་པའི་དྲག་རྩུབ་ཀྱི་ལས་འགུལ་ངན་པ་སྤེལ་བཞིན་པའི་གནས་ཚུལ་དེ་དག་ཁོང་གིས་ས་གནས་སྲིད་གཞུང་གི་གནད་ཡོད་དཔོན་རིགས་ཚོར་ཞུས་ཡོད་ནའང་། ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་དེ་ལས་ལྡོག་སྟེ་ས་གནས་མང་ཚོགས་ལ་དེ་སྔར་མེད་པ་བཟོས་ཚར་བའི་གཅན་གཟན་གྱི་པགས་རིགས་སླར་ཡང་ཉོ་དགོས་པ་དང་གྱོན་དགོས་པའི་བཙན་བཀའ་བཏང་བར་ཁོང་གིས་སྐྱོན་བརྗོད་བྱས་པ་དང་། རྫོང་ཁག་ཁ་ཤས་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་བའི་དམིགས་གསལ་གདུག་རྩུབ་ཅན་དང་ནོར་འཁྲུལ་ཅན་གྱི་ཆབ་སྲིད་ལས་འགུལ་སྤེལ་བར་ཁོང་གིས་མི་འདོད་པའི་ལྟ་ཚུལ་བཏོན་པའི་རྐྱེན་གྱིས། ༢༠༡༥ཟླ་༥ཚེས་༡༤ཉིན་ཁོང་ཕ་ཡུལ་སོག་མཁར་གྲོང་སྡེ་ནས་འཛིན་བཟུང་བྱས་ཏེ་འབྲི་རུ་རྫོང་ཙམ་མདའ་བཙོན་ཁང་དུ་བཀག་བསྐྱིལ་བྱས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་སྔར་རྗེས་སུ་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་སོག་དཀར་བློ་གྲོས་རྒྱ་མཚོ་ལགས་ནི་ད་ལྟ་ལོ་༥༥ཡིན་ཞིང་། ཁོང་གི་ཕ་ཡུལ་ཁམས་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་ནས་ཡིན་པ་དང་། ད་ཆར་ཁོང་ལ་ནང་མི་ཨ་མ་ལགས་དང་ཁོང་གི་བཟའ་ཟླ་དགའ་སྐྱིད་ལགས། དེ་བཞིན་སྲིང་མོ་ ༥ དང་གཅུང་པོ་གཅིག་བཅས་ཡོད་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།