choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱལ་གཅེས་པ་གུར་མགོན་ལཊ་ཀློད་གྲོལ་བཏང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༢༥ཉིན་སྤེལ། ལོ་ ༤བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་རྒྱལ་གཅེས་པ་གུར་མགོན་ལགས་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་སི་ཁྲོན་མེན་ཡཱང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་པ་དང་།

altའདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ལོ་ ༢༠༡༣ ལོར་རྔ་བ་ཁུལ་ཁྱུང་མཆུ་རྫོང་མི་མང་ཁྲིམས་ཁང་ཟེར་བ་ཞིག་གིས། རང་ལུས་མེར་སྲེག་གནང་མཁན་གྲུབ་མཆོག་ལགས་བསད་པའི་ཉེས་མིང་གཡོགས་ཏེ། ལོ་ ༤བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་གུར་མགོན་ལགས་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་སི་ཁྲོན་མེན་ཡཱང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་པ་དང་། ཁོང་གི་ཕ་ཡུལ་གྱི་ནང་མི་གཉེན་འབྲེལ་གཙོས་ཡུལ་མི་ཚོས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག

དེ་ཡང་གནས་ཚུལ་མཁོ་སྤྲོད་པས་འབྲེལ་ཡོད་སྐོར་ནས་བརྗོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༨ ཉིན་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་ཉེན་རྟོག་ཁང་གི་སྒོ་འགྲམ་དུ། བོད་མི་གྲུབ་མཆོག་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་མ་ཐག་ས་གནས་ཉེན་རྟོག་པ་དང་ལས་བྱེད་མི་སྣ་འབྱོར་ཏེ་མེ་གསོད་རྩིས་བྱེད་སྐབས། བོད་མི་གུར་མགོན་ལགས་དང་ནོར་བུ་རྡོ་རྗེ་ལགས། བསོད་ནམས་ཡར་འཕེལ་ལགས་བཅས་ཀྱིས་ཉེན་རྟོག་པའི་ལག་གི་མེ་གསོད་ཡོ་བྱེད་ནས་འཇུས་ཏེ་བཀག་འགོག་བྱས་ཡོད་པ་དང་། ཉེ་འཁོར་གྱི་བོད་མི་མང་པོ་ཞིག་གིས་མཉམ་རུབ་ཀྱིས་འགོག་ཐབས་བྱས་ཡོད་པར་བརྟེན། ཟླ་དེའི་ཕྱི་ཚེས་ ༢༢ ཉིན་ས་གནས་སྲིད་གཞུང་གིས་ཁོང་ཚོ་གསུམ་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་པ་མ་ཟད། ཁོང་ཚོ་གསུམ་གྱིས་རང་ཉེས་ཁས་ལེན་བྱས་ཏེ་མགོ་བཏགས་པ་ཡིན་ན་ཁྲིམས་ཆད་ཡང་མོ་གཅོད་ཀྱི་ཡིན་ཚུལ་སོགས་བཤད་དེ་འཛིན་བཟུང་བྱས་ཡོད་པ་ཅེས་དང་།

གཞན་ཡང་ལོ་དེའི་ཕྱི་ཟླ་ ༧ པའི་ཟླ་དཀྱིལ་ཙམ་ལ་ཁྱུང་མཆུ་རྫོང་མི་མང་ཁྲིམས་ཁང་ཟེར་བ་དེས། ཁྱུང་མཆུ་རྫོང་ཁོངས་ཀྱི་ཡུལ་ཚོ་ཁག་གི་མགོ་ཁྲིད་དང་ལས་བྱེད། དེ་བཞིན་ཁོང་གསུམ་གྱི་ནང་མི་གཉིས་རེ་བཅས་ཁྲིམས་རར་སྐད་བཏང་སྟེ། མི་བསད་པའི་ཉེས་མིང་འོག་གུར་མགོན་ལགས་དང་བསོད་ནམས་ཡར་འཕེལ་ལགས་གཉིས་ལ་ལོ་ ༤ རེ་དང་། ནོར་བུ་རྡོ་རྗེ་ལགས་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་དེ་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཅུག་ཡོད་པ་དང་། བསོད་ནམས་ཡར་འཕེལ་ལགས་དང་ནོར་བུ་རྡོ་རྗེ་ལགས་གཉིས་ད་དུང་ཡང་བཙོན་ཁང་དུ་ཡོདཔར་འགྲེལ་བརྗོད་བྱས་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།