choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

དགེ་འདུན་པ་ཞིག་ལོ་གཉིས་དང་ཕྱེད་ཀའི་རྗེས་སུ་གློད་གྲོལ་ཐོབ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༢༥ཉིན་སྤེལ། མཛོད་དགེ་སོག་ཚང་དགོན་པའི་དགེ་འདུན་པ་བློ་བཟང་ཏིང་འཛིན་ལགས་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་ཡོད་པ་དང་། ཕྱི་ཚེས་ ༢༣ ཉིན་ཕ་ཡུལ་དུ་འབྱོར་ཏེ་ཁོང་གི་ཁྱིམ་མི་གཉེན་འབྲེལ་དང་ཡུལ་སྡེའི་མི་མང་གིས་མཇལ་དར་བསྒྲོན་ཏེ་ཕེབས་བསུ་ཞུས་ཡོད་འདུག

altའདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། འདི་ཟླའི་ཕྱི་ཚེས་༢༠ཉིན། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་ལོ་༢དང་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གྲྭ་བློ་བཟང་ཏིང་འཛིན་ལགས་ཀློད་གྲོལ་བཏང་ཡོད་འདུག

དེ་ཡང་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན། མཛོད་དགེ་སོག་ཚང་དགོན་དུ་དགེ་འདུན་པ་དཀོན་མཆོག་བསོད་ནམས་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་། ཕྱིས་སུ་རྒྱ་གཞུང་གིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག སོག་ཚང་དགོན་པའི་དགེ་འདུན་པ་སངས་རྒྱས་དཔལ་ལྡན་ལགས་དང་བློ་བཟང་ཡོན་ཏན་ལགས། བློ་བཟང་ཏིང་འཛིན་ལགས་བཅས་འཛིན་བཟུང་བྱས་ཏེ་ཡུན་རིང་མཛོད་དགེ་རྫོང་ཐོག་ཏུ་བཀག་ཉར་འདྲི་རྩད་བྱས་རྗེས། མཛོད་དགེ་རྫོང་མི་མང་ཁྲིམས་ཁང་ཟེར་བས་སངས་རྒྱས་དཔལ་ལྡན་ལགས་ལ་ལོ་ ༥ དང་། བློ་བཟང་ཡོན་ཏན་ནམ་ཡོན་ཏན་བྱི་ཕྲུག་ལགས་ལ་ལོ་༣། བློ་བཟང་ཏིང་འཛིན་ལགས་ལ་ལོ་ ༢ དང་ཕྱེད་ཀ་བཅས་ཀྱི་ཁྲིམས་ཐག་བཅད་དེ། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་ཡོད་པའི་ཏ་ཡཱང་བཙོན་ཁང་དུ་བཅུག་ཡོད་པ་དང་། བློ་བཟང་ཡོན་ཏན་ལགས་དང་སངས་རྒྱས་དཔལ་ལྡན་ལགས་གཉིས་ད་དུང་བཙོན་ཁང་དུ་ཡོད་པར་འགྲེལ་བརྗོད་གནང་བ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།