choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མཁན་པོ་ཀར་ཚེ་བཙོན་གྲོལ་ཐོབ་ཀྱང་བལྟ་སྲུང་འོག་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༧ཚེས་༡༧ཉིན་སྤེལ། བོད་མདོ་ཁམས་སྐྱེ་རྒུ་མདོ་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་བཙོན་འཇུག་དུས་ཡུན་ཚང་ནས་གློད་བཀྲོལ་བཏང་ཡོད་ཀྱང་རང་དགོན་དུ་ཕེབས་མི་ཆོག་པར་མུ་མཐུད་བལྟ་སྲུང་འོག་ཡོད་པའི་གནས་ཚུལ་ཐོན་འདུག

Kartse-Tibet-2014དེ་ཡང་འདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལྟར་ན། མཁན་པོ་ཀརྨ་ཚེ་དབང་ལགས་༢༠༡༦ལོའི་ཟླ་༦ཚེས་༤ཉིན་རྒྱ་ནག་གིས་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་ཀྱང་ད་ལྟའི་ཆར་ཁོང་གི་དགོན་པར་ཕེབས་མ་བཅུག་པར་མུ་མཐུད་ཉེན་རྟོག་པའི་ལྟ་སྲུང་འོག་ཡོད་འདུག

དེ་སྔ་ཁོང་ལ་ཆབ་མདོ་ས་གནས་ཁྲིམས་ཁང་ཞིག་གིས་སྦས་སྲུང་གི་ཉེས་པ་ཟེར་བའི་མིང་ཐོག་ནས་ལོ་གཉིས་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་དང༌། བཙོན་ཁང་དུ་ཡོད་སྐབས་ཁོང་གི་སྐུ་གཟུགས་གནས་སྟངས་ཞན་པོ་ཡོད་པ་དང་ནད་རྙིང་གསོ་བཅོས་ཀྱི་མཐུན་རྐྱེན་མེད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།

འོན་ཀྱང་ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་གང་འདྲ་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་ཀྱི་མེད་པ་དང༌། དངོས་ལྡན་ཡིན་མིན་ལ་མ་ལྟོས་པར་མཁན་པོ་ཀརྨ་ཚེ་དབང་ལགས་ཀྱིས། ༼ང་སླར་ཡང་མི་ཡུལ་དུ་ཐོན་ཡོད།༽ ཟེར་བའི་འཕྲིན་ཐུང་ཞིག་ཀྱང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཐོན་བཞིན་འདུག

འཕྲིན་ཐུང་དེའི་ནང་དུ་མུ་མཐུད་མཁོ་དོན། ༼སྙིང་ཉེ་བའི་ཁྱེད་ཅག་གི་ཐུགས་ཁུར་དང་གདུང་སེམས། རྒྱབ་སྐྱོར་དང་སྨོན་འདུན་གྲངས་མེད་ཀྱིས་ང་སླར་ཡང་མི་ཡུལ་དུ་བསླེབས་ཡོད། ཞེན་དྲགས་པའི་འགན་འཁྲི་དེ་དག་གི་ཆེད་དུ། བགྲོད་མ་ཚར་བའི་ལམ་བུ་དེ་དག་གི་ཆེད་དུ། མི་ཡུལ་གྱི་སྤྱི་ཆོས་དང་ལྷ་ཡུལ་གྱི་སྒེར་ཆོས་དེ་དག་གི་ཆེད་དུ། ལུས་ཕུང་བདེ་ཐང་དང་སེམས་ཁམས་དྭངས་གསལ་ངང་ང་སླར་ཡང་མི་ཡུལ་དུ་ཐོན་ཡོད། དཀོན་མཆོག་མཁྱེན། ང་ཚོའི་འཇིག་རྟེན་ལ་རང་དབང་གི་འོད་སྣང་འཕྲོ་བར་ཤོག༽ ཅེས་གསལ་འདུག

སྤྱིར་མཁན་པོ་ཀརྨ་ཚེ་དབང་ལགས་ནི་ནང་ཆེན་ཕྱོགས་ཀྱི་མཁན་པོ་མཚན་སྙན་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད། ནང་ཆོས་སློབ་གཉེར་ཡག་པོ་ཡོད་མཁན་ཞིག་དང༌། རྒྱུན་དུ་ས་གནས་སུ་བོད་ཀྱི་ཆོས་དང་རིག་གཞུང༌། ཁོར་ཡུག་སོགས་ལ་སྲུང་སྐྱོབ་གནང་མཁན་ཞིག་དང༌། མང་ཚོགས་ལ་འཕྲོད་བསྟེན་ཤེས་བྱ་ཁྱབ་སྤེལ་དང་བོད་སྐད་ཡིག་སློབ་གསོ་སྤེལ་མཁན་ཞིག་ཡིན་པ་རེད།

ཁོང་གི་མཛད་རྗེས་དེ་དག་ལ་བརྟེན་ནས་ས་གནས་བོད་མི་ཚོས་གུས་བཀུར་ཆེན་པོ་ཞུ་བ་དང༌། ཁུལ་དེའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་བརྟེན། རྒྱ་གཞུང་ནས་ཁོང་ནག་ཉེས་འདྲ་མིན་གཡོག་སྟེ་འཛིན་བཟུང་བྱེད་སྐབས་ས་གནས་མང་ཚོགས་བཞི་སྟོང་ཙམ་ནས་མཁན་པོ་གང་མྱུར་གློད་བཀྲོལ་དགོས་པའི་ཞུ་འབོད་ཐེངས་མང་བྱས་ཡོད། འོན་ཀྱང་རྒྱ་གཞུང་གིས་མང་ཚོགས་ཀྱི་ཞུ་སྐུལ་ལ་ཉན་འཇོག་མ་ཞུས་པར་ཁོང་ལ་ལོ་༢་དང་ཟླ་༦གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།