choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བལ་བོད་ས་མཚམས་སུ་གྲྭ་བ་ཞིག་གར་སོང་ཆ་མེད་གྱུར་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༠༧།༠༡ཉིན་སྤེལ། བལ་བོད་ས་མཚམས་སུ་བོད་ཀྱི་དགེ་འདུན་པ་ཞིག་བརླགས་ཏེ་ལོ་ངོ་༩འགྲོ་སོང་བས་ནང་མིས་རྒྱ་ནག་སྲིང་གཞུང་ལ་སྙན་ཞུ་དང་རྩད་གཅོད་བྱེད་པར་རེ་སྐུལ་ཞུས་འདུག

འདི་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིག་ན། མདོ་སྨད་རེབ་གོང་རེབ་གོང་སྒོ་དམར་སྡེ་བའི་གྲྭ་བ་དགེ་འདུན་ཉི་མ་ཆོས་མིང་ལ་བློ་བཟང་ཆོས་རྒྱན་ཟེར་བ་ཞིག་བལ་ཡུལ་དང་འགྲམ་གཉིས་ཀྱི་ས་མཚམས་ནས་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ལོ་དགུ་འགོར་འདུག

དེ་ཡང་འདི་ག་གསར་ཁང་དུ་འབྲེལ་ཡོད་གནས་ཚུལ་འབྱོར་བ་ལྟར་ན། མདོ་སྨད་རེབ་གོང་སྒོ་དམར་སྡེ་བའི་གྲྭ་བ་དགེ་འདུན་ཉི་མ་ཆོས་མིང་ལ་བློ་བཟང་ཆོས་རྒྱན་ཟེར། སྤྱི་ལོ་༢༠༠༠ལོ་ལ་རྒྱ་གར་དུ་སོང་བ་དང་། སྤྱི་ལོ༢༠༠༧ལོའི་ཟླ༠༧པའི་ཚེས་༢༠ཡས་མས་ལ་ཕྱིར་རང་ཡུལ་དུ་ལོགས་སྐབས་བལ་ཡུལ་དང་འགྲམ་གཉིས་ཀྱི་ས་མཚམས་ནས་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ལོ་དགུའི་རང་ལ་ཁོང་གང་ན་ཡོད་པ་སོགས་ཀྱི་གནས་ཚུལ་ཟུར་ཙམ་ཡང་གོ་རྒྱུ་མ་བྱུང་། ལོ་དགུའི་ནང་ལ་ཁོང་གི་སྤུན་ཟླ་དང་ནང་མི་རྣམས་ཀྱིས་ས་གནས་སྲིད་གཞུང་ལ་ཡར་ཞུ་བྱས་ནས་ཁོང་གི་གནས་ཚུལ་ངོ་སྤྲོད་བྱས་མོད།  འོན་ཀྱང་ཁོང་གི་ལག་དུ་ཐོབ་ཐང་ལག་ཁྱེར་དང་ཐོབ་ཐང་བདེན་དཔང་བྱེད་རྒྱུས་ཡི་གེ་སོགས་གང་ཡང་མེད་པས། ས་གནས་སྲིད་གཞུང་ནས་ཀྱང་གནས་ཚུལ་སོགས་གང་ཡག་མཁོ་སྤྲོད་བྱེད་ཐུབ་མ་སོང་།  ནང་མི་སོགས་བོད་ལྗོངས་ཀྱི་ལྷ་ས་དང་གཞིས་ཀ་རྩེ་སོགས་ལ་སོང་ནས་ཡང་ངོ་ཤེས་སོགས་བརྒྱུད་ཏེ་འཚོལ་བ་བྱས་མོད་འོན་ཀྱང་ཡང་གནས་ཚུལ་ཅི་ཡང་གོ་རྒྱུ་མ་བྱུང་།  ད་ལྟའི་བར་དུ་ཁོ་རང་གི་ཤི་སོན་གྱི་གནས་ཚུལ་ཅི་ཡང་གོ་རྒྱུ་མེད་པས་ཁོང་གི་ཨ་མ་རྒན་མོ་ད་ལོ་ལོ་༨༠ལ་བྱོན་ཡོད་པ་ཉིན་མཚན་གཉིས་ལ་སེམས་ཁྲལ་ཆེན་པོ་བྱས་ནས་བསྡད་ཡོད།

དེ་ཡང་ཉིན་འགའི་སྔོན་དུ་རྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ནས་༢༠༠༦ལོའི་སྤྱི་ཟླ་༦པའི་ཚེས་༡༨ཉིན་བལ་ཡུལ་ནས་འཛིན་བཟུང་བྱས་པའི་བལ་ཡུལ་གྱི་ཤར་པ་ཞིག་ལྷ་སའི་དྲ་བཞི་བཙོན་ཁང་ནས་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་པ་ཞིག་ལ་བཅའ་འདྲི་བྱས་པའི་ནང་མི་དེས་བཤད་པ་ལ་ཁོང་ཚོ་བཙོན་གྲོགས་མི་གསུམ་ཡོད་པ་ནང་གི་གཅིག་ལ་བསོད་ནམས་དང་གཅིག་དེས་མིང་ལ་སྒོ་དམར་རམ་ཡང་ན་གོ་དམར་ཟེར་བ་རེད་ཟེར། ཡང་དགེ་འདུན་ཁོང་གི་སྡེ་བའི་མིང་ལ་སྒོ་དམར་ཟེ

དེ་ཡང་ཉིན་འགའི་སྔོན་དུ་གནས་ཚུལ་ཤེས་རྟོགས་བྱུང་བར་ལྟར་ན་༢༠༠༦ལོའི་སྤྱི་ཟླ་༦པའི་ཚེས་༡༨ཉིན་བལ་ཡུལ་ནས་འཛིན་བཟུང་བྱས་པའི་བལ་ཡུལ་གྱི་ཤར་པ་ཞིག་ལྷ་སའི་དྲ་བཞི་བཙོན་ཁང་ནས་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་པ་ཞིག་ལ་བཅའ་འདྲི་བྱས་པའི་ནང་མི་དེས་བཤད་པ་ལ་ཁོང་ཚོ་བཙོན་གྲོགས་མི་གསུམ་ཡོད་པ་ནང་གི་གཅིག་ལ་བསོད་ནམས་དང་གཅིག་དེས་མིང་ལ་སྒོ་དམར་རམ་ཡང་ན་གོ་དམར་ཟེར་བ་རེད་ཟེར། ཡང་དགེ་འདུན་ཁོང་གི་སྡེ་བའི་མིང་ལ་སྒོ་དམར་ཟེར་བ་དང་རྒྱུན་པར་གྲོགས་པོ་ཚོས་ཀྱང་ཁོང་ལ་སྒོ་དམར་བྱས་འབོད་ཀྱིན་ཡོད་པས། ནང་མི་ཚོས་མི་དེ་དགེ་འདུན་ཁོ་རང་ཡིན་ན་ཐང་གི་བསམ་ནས་བལ་ཡུལ་གྱི་མི་དེ་ལ་འབྲེལ་བ་བྱས་ཐུབ་ནས་ཁོ་ལ་སྒོ་དམར་ཟེར་བ་དེ་དགེ་འདུན་ཡིན་མིན་དེ་གསལ་བོ་ཞིག་འདྲི་བསམ་པའི་རེ་སྐུལ་དང་འདུན་པ་ཆེན་པོ་ཡོད་འདུག

གསར་འགོད་པ་ཆོས་ཉིད་བཟང་པོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།