གསེར་རྟའི་བུད་མེད་ཅིག་ཐེངས་གསུམ་ལ་ཉེས་མེད་བཙན་ཁྲིད་བྱས་འདུག

 པར་འདེབས།

༢༠༡༦།༠༦།༢༤ཉིན་སྤེལ། གསེར་རྟ་རྐང་ཚ་སྡེ་བ་རུ་ཡིན་པའི་བྱིས་པ་གཉིས་ཀྱི་ཨ་མ་ཚེ་རིང་སྒྲོལ་མ་ལགས་རྒྱ་གཞུང་གིས་ཉེས་མེད་འཛིན་བཟུང་དང་བཀག་ཉར་ཐེངས་གསུམ་བྱས་འདུག

altདེ་ཡང་འདི་ག་གསར་ཁང་དུ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིག་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན། ཟླ་འདིའི་ཕྱི་ཚེས་༨ཉིན་གྱི་དུས་ཚོད་༢།༠༠ནས་༢།༣༠བར་མདོ་སྨད་གསེར་རྟ་རྫོང་རྐང་ཚ་སྡེ་བ་ནས་ཡིན་པའི་བོད་རིགས་བུད་མེད་ཚེ་རིང་སྒྲོལ་མ་ལགས་རྒྱ་གཞུང་ཉེན་རྟོག་པས་ཉེས་མེད་འཛིན་བཟུང་བྱས་ཡོད་པ་དང་། ཕ་མིང་ལ་ཐོག་རྒོད་བསོ་ལོ་དང་མ་མིང་ལ་མཚོ་སྐྱིད་ཡིན་པ་ཅེས་དང་།

གཞན་ཡང་ཁོང་གིས་མུ་མཐུད་དུ་བརྗོད་དོན། ཕྱི་ལོ་༢༠༠༨ཟླ་༦ཚེས་ ༠༡ ཉིན་གྱི་ཞོག་པ་ཆུ་ཚོད་༦།༠༠པའི་སྟེང་། རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་འབོར་ཆེན་ཡོང་ནས་འཛིན་བཟུང་བྱས་ཤིང་། སྐབས་དེར་ཉེན་རྟོག་པའི་རླངས་འཁོར་དང་དམག་མིའི་རླངས་འཁོར་ཁྱོན་༡༣་འབྲོག་ས་རང་ལ་ཡོང་ནས་ཁོང་ཕ་བུ་གཉིས་བཙན་ཁྲིད་བྱས་ཏེ་ཟླ་༦ཙམ་ལ་བཀག་ཉེར་བྱས་རྗེས་ཀློད་གྲོལ་བཏང་ཞིང་། སྐབས་དེ་དུས་མོ་ལ་བུ་གཉིས་ཡོད་པའི་ཆུང་བ་དེ་ལོ་གཅིག་ཙམ་དང་ཆེ་བ་དེ་ལོ་བཞི་ལ་མ་བུད་ཙམ་ཡིན་འདུག་ཅེས་དང་།

གཞན་ཡང་ཁོང་གིས་གནས་ཚུལ་ལ་ཁ་གསབ་བྱས་དོན། ཕྱི་ལོ་༢༠༡༢ལོའི་བོད་ཟླ་༡༠ཚེས་༡༡ཉིན་གསེར་རྟ་རྫོང་ཐོག་ནས་སྐད་འབོད་བྱས་པའི་རྐྱེན་གྱིས་ཡང་བསྐྱར་ཉེན་རྟོག་པའི་འཛིན་ཟུང་བྱས་ཤིང་ཟླ་བ་གང་མང་ལ་བཀག་ཉར་བྱས་མཐར་ཀློད་གྲོལ་བྱས་འདུག་ཅེས་དང་།

དེ་མིན་ཁོང་གིས་འབྲེལ་ཡོད་གནས་ཚུལ་བརྗོད་དོན། ཕྱི་ལོ་༢༠༡༦ཟླ་༦ཚེས་༨་ཉིན་གྱི་ཆུ་ཚོད་༢།༠༠ནས༢།༣༠ཙམ་ལ་ཁོ་མོ་ཐེངས་གསུམ་པ་འཛིན་བཟུང་བྱས་ནས་ཉིན་གྲངས་༡༠ལ་བཀག་ཉེར་བྱས་ནས་ཟླ་འདིའི་ཚེས་༡༨ཉིན་ཡང་བསྐྱར་ཀློད་གྲོལ་ཐོབ་ཡོད་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།