choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འགོ་ཁྲིད་ཀྱིས་རོགས་དམག་ཁྲིད་ཡོང་སྟེ་མི་མང་ལ་རྡུང་བརྡེག་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༦།༢༣ཉིན་སྤེལ། ཉེ་ལམ་གསེར་ཆེན་རྫོང་དུ་འབོད་པའི་ཧྲི་ནག་གྲོང་བརྡལ་གྱི་འགོ་བས་དམག་ཁྲིད་ནས་ཡོང་སྟེ། མང་ཚོགས་ལ་རྡུང་བརྡེག་ཚ་ནན་བཏང་ཡོད་འདུག

altདེ་རིང་ཕྱི་ཚེས་༢༣ཉིན་གྱི་ཉིན་གུང་ལ། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྲས་ཧྲི་ནག་གྲོང་བརྡལ་གྱི་མགོ་ཁྲིད་ཀྱིས་རོགས་དམག་ཉེན་རྟོག་པ་མང་པོ་ཁྲིད་ཡོང་སྟེ། ས་གནས་ཀྱི་སྲས་ནག་དཀར་ལ་སྡེ་བའི་མི་མང་ལ་ཉེས་མེད་གཅར་རྡུང་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་སྤྱི་ཚོགས་བརྒྱུད་ལམ་དུ་བཏང་བར་གཞིགས་ན། མདོ་སྨད་མཚོ་ལྷོ་ཁུལ་གུང་ཧོ་འམ་བོད་སྐད་དུ་གསེར་ཆེན་རྫོང་དུ་འབོད་པའི་ཧྲི་ནག་གྲོང་བརྡལ་གྱི་མགོ་ཁྲིད་ཀྱིས་རོགས་དམག་ཉེན་རྟོག་པ་མང་པོ་ཁྲིད་ནས་ཡོང་སྟེ། མང་ཚོགས་ལ་རྡུང་བརྡེག་ཚ་ནན་བཏང་ཡོད་འདུག་པ་ཅེས་དང་།
གཞན་ཡང་སྤྱི་ཚོགས་བརྒྱུད་ལམ་དུ་ཡུལ་དངོས་ཀྱི་གནས་ཚུལ་དེ་ནི་རྙན་ཐུང་གི་ལམ་དུ་ཐོན་པའི་ནང་དུ། ས་གནང་སྡེ་བའི་མི་མང་གིས་ཞི་བའི་སྐད་འབོད་དང་ཕྲེད་དར་འཕྱར་བའི་སྟེང་དུ་རྒྱ་ཡིག་གིས་༼ང་ཚོ་འཚོ་དགོས་ལ་ཟ་མ་ཟ་དགོས། ༽བྲིས་འདུག་ལ། ཞི་རྒོལ་བ་བུད་མེད་ཅིག་གིས་སྐད་སེང་མཐོན་པོའི་ངང་དུ"ཧྲི་ནག་གྲོང་བརྡལ་འགོ་བས་དམག་ཁྲིད་ཡོང་སྟེ་མང་ཚོགས་ལ་གཅར་སོང་། "ཅེས་དང་། གཞན་ཕོ་གསར་ཞིག་གི་མགོ་རུ་ཁྲག་བཞུར་གྱིན་འདུག

དེ་མིན་གོང་གི་དོན་རྐྱེན་དེ་ནི་ན་ནིང་ས་གནས་འབྲོག་པ་ཚོས་སོ་སོའི་འཚོ་བའི་མཐུན་རྐྱེན་ཇེ་ལེགས་སུ་གཏོང་ཆེད། གནས་དེར་ཁང་པ་རེ་བརྒྱབ་ནས་ཡུལ་སྐོར་བ་སྣེ་ལེན་བྱས་ཏེ་ཡོང་སྒོ་བཙལ་བར་བརྟེན། ས་གནས་སྲིད་གཞུང་གིས་རས་གུར་ཕུབ་ནས་ཚོང་ལས་གཉེར་བ་མ་གཏོགས་ཁང་པ་རྒྱག་མི་ཆོག་སྐོར་བརྗོད་དེ་མང་ཚོགས་ཀྱི་ཁང་པ་བཙན་གཏོར་བྱས་ཡོད་པ་དང་། ད་ལོར་རས་གུར་ཡང་ཕུབ་མི་ཆོག་ཅེས་བཙན་བཀའ་བཏང་སྟེ། དེ་རིང་ས་གནས་སུ་དམག་མི་དང་ཉེན་རྟོག་རླངས་འཁོར་ཆེ་བ་བཅུ་གྲངས་ཤིག་ཡོང་སྟེ་མང་ཚོགས་ལ་དྲག་གནོན་བྱས་ཡོད་འདུག་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།