choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

འཕན་པོ་ལྷུན་གྲུབ་རྫོང་དུ་ཞིང་པའི་ཞི་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༦།༡༤ཉིན་སྤེལ། འཕན་པོ་ལྷུན་གྲུབ་རྫོང་དགའ་ཆོས་གྲོང་བརྡལ་དུ་ས་གནས་བོད་མིའི་ས་ཞིང་མང་པོ་ཞིག་རྒྱ་ནག་གཞུང་གིས་འཆར་འགོད་བྱས་པའི་འཛུགས་བསྐྲུན་འོག་རྩ་གཏོར་དུ་འགྲོ་ཡི་ཡོད་པར་བརྟེན་ས་གནས་བོད་མི་ཚོས་སྲིད་གཞུང་ལ་ཞི་རྒོལ་བྱས་འདུག

འདི་ག་གསར་འགོད་པས་དྷ་སར་གནས་བཞུགས་ས་གནས་བོད་མི་ཞིག་ལ་བཅར་འདྲི་བྱེད་སྐབས་ཁོང་གིས་བརྗོད་དོན། ཟླ་འདིའི་ཚེས་༡༣དང༡༤ཉིན་འཕན་པོ་ལྷུན་གྲུབ་རྫོང་དགའ་ཆོས་ཤང་དགའ་ཆོས་གྲོང་བརྡལ་དུ་ས་གནས་བོད་མིའི་ས་ཞིང་མང་པོ་ཞིག་རྒྱ་ནག་གཞུང་གིས་འཆར་འགོད་བྱས་པའི་འཛུགས་བསྐྲུན་འོག་རྩ་གཏོར་དུ་འགྲོ་ཡི་ཡོད་པའི་རྐྱེན་གྱིས་ས་གནས་བུད་མེད་བརྒྱ་མ་ཟིན་ཙམ་གྱིས་སྲིད་གཞུང་ལ་ཞི་རྒོལ་བྱས་འདུགalt

ཞི་རྒོལ་ནང་མཉམ་བཞུགས་བྱེད་མཁན་ཚང་མ་བུད་མེད་ཤ་སྟག་ཡིན་པ་དང་། བུས་ཞི་རྒོལ་བྱས་པ་ཡིན་ན་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་མ་ཉེས་ཁ་གཡོག་བྱས་ཏེ་ཉེས་རྡུང་གཏོང་རྒྱུར་དོགས་ཏེ་བུད་མེད་ཚོས་ཞི་རྒོལ་བྱས་པ་རེད་འདུག  ཞི་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ། རྒྱ་མི་ཚོས་གཅིག་གིས་གཅིག་ལ་ཁ་གཡོག་སྟེ་ས་གནས་མི་མང་གི་ཞིང་ཁ་མང་པོ་ཞིག་རྩ་གཏོར་གཏོང་གི་ཡོད་པར་བརྟེན་ཞིང་པ་ཚོ་འུ་ཐུག་ཐབས་ཟད་ཀྱིས་ཞི་རྒོལ་བྱེད་ཀྱི་ཡོད་འདུག

གཞན་ཡང་ད་ལྟའི་འཆར་གཞུང་ངོས་ནས་དམག་མི་མངགས་ཏེ་མི་མང་ཚོར་ཉེས་རྡུང་བཏང་བ་དང་། བཙོན་འཇུག་བྱས་པའི་གནས་ཚུལ་བྱུང་མེད་འདུག་ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།