choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མིའི་ཟ་ཁང་དང་མགྲོན་ཁང་གཏོར་བཤིག་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༦།༡༣ཉིན་སྤེལ། མཚོ་ལྷོ་རྟ་ནག་མ་ཡུལ་ཚོའི་བོད་མིའི་མགྲོན་ཁང་དང་ཟ་ཁང་སོགས་རྒྱ་གཞུང་གིས་བཙན་དབང་གི་གཏོར་བཤིག་བཏང་འདུག

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་རྟ་ནག་མ་ཡུལ་ཚོའི་ས་གནས་བོད་མི་ཚོས། མཚོ་སྔོན་པོར་ཡུལ་སྐོར་ཡོང་མཁན་ཚོར་དམིགས་ནས་ས་གནས་ས་ཐོག་ཏུ་ཟ་ཁང་དང་། མགྲོན་ཁང་སོགས་གཉེར་ནས་འཚོ་ཐབས་བྱེད་ཀྱི་ཡོད་རུང་། ས་གནས་རྒྱ་ནག་གཞུང་གིས་མཆོག་མཆན་མེད་པར་གང་བྱུང་ཟ་ཁང་དང་མགྲོན་ཁང་སོགས་གཉེར་མི་ཆོག་ཅེས་བཙན་བཀའ་བཏང་ཡོད་པ་མ་ཟད། ཟླ་འདིའི་ཚེས་གཅིག་ནས་བཟུང་དམག་མི་བཏང་ཏེ་དྲག་ཤུགས་ལ་བརྟེན་ནས་ས་གནས་བོད་མིའི་ཟ་ཁང་དང་། མགྲོན་ཁང་། ཚོང་ཁང་བཅས་བཙན་དབང་གི་སྒོ་ནས་སྟོར་བཤིགས་བཏང་ཡོད་འདུགalt

དེའི་སྐོར་ས་གནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བར་གཞིགས་ན། ས་གནས་རྒྱ་གཞུང་གིས་བོད་མིའི་ཟ་ཁང་དང་མགྲོན་ཁང་སོགས་གཏོར་བཤིག་གཏོང་དགོས་དོན་ནི། ས་ཆ་དེར་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོང་སའི་ལྟེ་གནས་གལ་ཆེ་ཞིག་ཡིན་པ་མ་ཟད། མཚོ་སྔོན་པོ་མཚོ་ཉིན་ལྔ་གཅིག་ལྔ་དང་ཕྱི་གླིང་གཉིས་ནི་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོང་སའི་ས་གནས་ཞིག་ཡིན་པ་དང་། ས་གནས་དེ་གཉིས་མཉམ་རུབ་ཀྱི་ཐོག་ནས་མཚོ་སྔོན་པོའི་གཡས་གཡོན་དུ་ཡོད་པའི་བོད་པའི་ཟ་ཁང་དང་། མགྲོན་ཁང་། ཚོང་ཁང་སོགས་མེད་པར་བཟོ་བཅུག་ཡོད་འདུག

ལྔ་གཅིག་ལྔ་དང་ཕྱི་གླིང་གཉིས་ཀྱི་མགྲོན་ཁང་དང་ཟ་ཁང་སོགས་རིན་གོང་ཧ་ཅང་ཆེན་པོ་ལེན་ཀྱི་ཡོད་པ་དང་། ས་གནས་དེར་ཡོད་པའི་བོད་མི་ཚོའི་ཟ་ཁང་དང་མགྲོན་ཁང་སོགས་ཀྱི་ནང་རིན་གོང་དམའ་མོ་ལེན་གྱི་ཡོད་པར་བརྟེན། ཡུལ་སྐོར་བ་མང་ཆེ་བ་ས་གནས་བོད་མིས་གཉེར་བའི་བོད་པའི་ཟ་ཁང་དང་། མགྲོན་ཁང་། ཚོང་ཁང་སོགས་མེད་པར་བཟོས་པ་རེད་འདུག  བོད་རིགས་མང་ཚོགས་ཀྱིས་གཉེར་བའི་ཟ་ཁང་ནང་བོད་པའི་འབྲོག་ཟས་ཤ་དང་། མར། རྩམ་པ་བཅས་འབྲོག་ཟས་དག་མ་ཡོད་པ་དང་མགྲོན་ཁང་ཡང་གཞན་ལས་རིན་གོང་ཁེ་བ་ཡིན་པས་རེད་འདུག ལྷག་པར་དུ་ཁུལ་དེའི་འབྲོག་པ་ཚོས་དབྱར་དུས་སུ་སྤྲོ་སྐྱིད་གླིང་ཞེས་འབྲོག་པའི་སྒར་བརྒྱབ་ཏེ་མཉམ་དུ་རྟ་དང་། གཡག་ ལུག་བཅས་བཞོན་ཏེ་པར་ལེན་པ་བཅས་ལ་རྟེན་ནས་་སོ་སོའི་ཡོང་སྒོ་གསོག་སྒྲུབ་བྱེད་ཀྱི་ཡོད་པ་རེད།

ད་ལོ་ཟླ་འདིའི་ཚེས་༡་ནས་བཟུང་རྒྱལ་ཁབ་ཀྱིས་གནས་འདིར་དམག་མི་ཧ་ཅང་མང་པོ་མངགས་ཏེ་བོད་པའི་མགྲོན་ཁང་དང་། ཟ་ཁང་སོགས་ཚང་མ་བཙན་དབང་གིས་གཏོར་བཤིག་བཏང་འདུག ས་གནས་དེར་ཡོད་པའི་ཟ་ཁང་དང་། མགྲོན་ཁང་། ཚོང་བདག་སོགས་ཀྱིས་གོང་རིམ་ལ་ཞུ་གཏུགས་ཐེངས་མང་བྱས་ཡོད་ནའང་གོང་རིམ་ནས་དེ་ལས་ལྡོག་སྟེ། ཟ་ཁང་དང་། ཚོང་ཁང་། མགྲོན་ཁང་སོགས་ཀྱི་བདག་པོ་ཁ་ཤས་ཀྱང་འཛིན་བཟུང་བྱས་ཡོད་པ་རེད་འདུག ད་ལྟའི་ཆར་རྟ་ནག་མ་ཡུལ་མཚོའི་བོད་མི་རྣམས་ཀྱི་འཚོ་རྟེན་མེད་པ་ཆགས་ཡོད་པ་མ་ཟད་། ཡུལ་མི་ཚོར་སྡོད་ཁང་མེད་པར་རས་གུར་ཕུགས་ནས་བསྡད་ཀྱི་འདུག ལ་རས་གུར་ཕུགས་ཏེ་བསྡོད་མཁན་གྱི་ས་གནས་བོད་མི་༣༠༠ཙམ་ཡོད་པ་རེད་འདུག་ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།