choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཨ་མདོ་རྔ་བ་ནས་དགེ་འདུན་པ་ཞིག་གིས་ཞི་རྒོལ་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༦།༠༧ཉིན་སྤེལ། དགེ་འདུན་པ་བློ་བཟང་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མགོ་ལ་འཕྱར་སྟེ ༼༧རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཞོག༽ ཞེས་སྐད་འབོད་རྒྱག་ཞོར་ཞི་བའི་ངོ་རྒོལ་གནང་འདུག

alt

འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ཚེས་༠༧ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཚོུད་༤བའི་ཐོག རྔ་བ་རྫོང་ཐོག་གི་ཁྲོམ་ལམ་དུ་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མགོ་ལ་འཕྱར་སྟེ ༼༧རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཞོག༽ ཞེས་སྐད་འབོད་རྒྱག་ཞོར་ཞི་བའི་ངོ་རྒོལ་གནང་འདུག

alt
དེ་ཡང་ལྷ་སྲས་བསོད་ནམས་ཀྱིས་འབྲེལ་ཡོད་གནས་ཚུལ་བརྗོད་པ་ལྟར་ན། རྔ་བ་ཀི་རྟི་དགོན་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་ཀྱིས་རྔ་བ་རྫོང་ཐོག་ཏུ་༧གོང་ས་མཆོག་གི་སྐུ་པར་མགོ་ལ་འཕྱར་སྟེ་ ༼༧རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཞོག༽ ཞེས་སྐད་འབོད་རྒྱག་ཞོར་ཞི་བའི་ངོ་རྒོལ་གནང་ཡོད་ཅིང་།  ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པས་ཁོང་བཙན་འཁྲིད་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག

ཁོང་གི་སྐྱེས་ཡུལ་ནི་ལྷ་སྡེ་འགབ་མ་དང་། དགོན་པ་ནི་ཀིརྟི་དགོན་པ། ཕ་མིང་ལ་སྔོ་རེས་དང་མ་མིང་ལ་གཡུ་ཁོ། ཁོང་ཆུང་དུས་ནས་ཀིརྟི་དགོན་དུ་ཆོས་སྒོར་ཞུགས་ཏེ། ད་ལྟ་ཕར་ཕྱིན་ལོ་རིམ་གསུམ་པར་བསླེབས་ཡོད་འདུག

གནས་ཚུལ་ཞིབ་ཕྲའི་སྐོར་གསལ་ཁ་བྱུང་ཐུབ་མ་སོང་།

གཞན་ཡང་སྤྱི་ཚོགས་བརྒྱུད་ལམ་ནས་རག་པའི་ཁོང་གིས་སྐུ་པར་མགོ་ལ་འཕྱར་སྟེ་ཁྲོམ་ལམ་བརྒྱུད་པའི་བརྙན་ཐུང་ནི།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།