choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཨ་མཆོག་ནས་མི་ཁ་ཤས་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༦།༠༣ཉིན་སྤེལ།  དེ་རིང་ཨ་མགོ་སྡེ་བའི་ཚེ་དབང་སྐྱབས་དང་ཉི་མ་ལུང་གི་དོན་གྲུབ་དང་རྟ་མགྲིན་སྐྱབས། ཝ་སྣ་མནའ་བཅད་སོགས་མི་དྲུག་བདུན་ཙམ་འཛིན་བཟུང་བྱས་ཡོད་འདུག


altའདི་ཟླའི་ཕྱི་ཚེས་༠༡ནས་བཟུང་། མདོ་སྨད་ཨ་མཆོག་ཏུ་གཏེར་ཁ་སྔོན་འགོག་གི་ཞི་བའི་ལས་འགུལ་སྤེལ་ཏེ་ཉིན་གསུམ་འགྲོ་བཞིན་ཡོད་ལ། ཚེས་༠༢ཉིན་ནས་གྲྭ་བ་ཁ་ཤས་ཡང་ཞིག་རྒོལ་ནང་འཛུལ་ཞུགས་བྱས་ཡོད་པ་དང་། ཞི་རྒོལ་བྱེད་མཁན་ཉིན་སྔོན་མ་ལས་མང་རུ་འགྲོ་བཞིན་ཡོད་འདུག

རྒྱ་གར་གནས་སྡོད་འབྲེལ་ཡོད་ཅིག་གིས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཕྱི་ཚེས་༠༢ཉིན་ཞི་རྒོལ་བ་རྣམས་ཀྱིས་གཏེར་སྔོག་སའི་གཉན་ཆེན་གོང་སྔོན་བླ་རི་ནས་རྒྱ་ནག་ས་གནས་སྲིད་གཞུང་བར་དུ་གོམ་བགྲོད་བྱས་ཡོད་པ་དང་། ཁོང་གིས་བཏང་བའི་བརྙན་ཐུང་ནང་དུ།  "གཏེར་ཁ་མཚམས་འཇོག་དགོས། བླ་རི་སྲུང་སྐྱོབས་བྱེད་དགོས། ཁོར་ཡུག་སྲུང་སྐྱོབས་བྱེད་དགོས། མི་མང་ལ་བདེ་འཇག་དགོས།"ཞེས་སྐད་འབོད་གནང་གིན་འདུག


གཞན་ཡང་། ན་གཞོན་ཞིག་གིས་འཕྱར་དར་གྲུབ་བཞི་ཁ་བཀང་མ་ཞིག་གི་སྟེང་དུ། "བླ་རི་ནི་ང་ཚོའི་དད་མོས་ཡིན། དད་མོས་ལ་རྡོག་བརྫིས་གཏོང་མི་ཆོག། མཛེས་སྡུག་ལྡན་པའི་ཁོར་ཡུག་གི་བདག་པོ་མི་མང་ཡིན་ལ་རྒྱལ་ཁབ་ཡང་ཡིན། གཏེར་ཁ་སྔོག་འདོན་རྩ་ཁྲིམས་དང་འགལ། མི་སེམས་དང་འགལ། སའི་གོ་ལའི་སྲུང་སྐྱོབ་དང་ཡང་འགལ། ང་ཚོ་ལ་སྒོར་མོ་མི་དགོས། བླ་རི་དང་ཁོར་ཡུག་གཙང་མ་ཞིག་དགོས། 停止开来还我神山。ཡུལ་བདེ་ན་མི་བདེ། མི་བདེ་ན་སེམས་བདེ། སེམས་བདེ་ན་འཆམ་མཐུན་ཡོད། 保护环境从有 责。"

གཞན་ཡང་འབྲེལ་ཡོད་ཀྱིས་མུ་མཐུད་དུ་གསུང་དོན། ཁ་སང་གཞུང་གིས་ཉིན་གཉིས་ཕྱིར་འཐེན་བྱས་ནས་ཐག་གཅོད་ལེགས་པོ་བྱེད་ཚུལ་བཤད་དེ་རེ་ཞིག་ངོ་རྒོལ་གྱིས་སྐད་འབོད་བྱས་མེད་མོད། དེ་རིང་སྤྱི་ཚེས་གསུམ་ཉིན་ཨ་མགོ་སྡེ་བའི་ཚེ་དབང་སྐྱབས་དང་ཉི་མ་ལུང་གི་དོན་གྲུབ་དང་རྟ་མགྲིན་སྐྱབས། ཝ་སྣ་མནའ་བཅད་སོགས་མི་དྲུག་བདུན་ཙམ་འཛིན་བཟུང་བྱས་པར་མ་ཟད། ད་ལྟ་ཨ་མཆོག་གྲོང་བརྡལ་གྱི་ཁྲོམ་སྲང་གཡས་གཡོན་ཉེན་རྟོག་པའི་རླངས་འཁོར་ཧ་ཅང་མང་བོ་བསླེབས་ཡོད་པ་དང་། ལས་བྱེད་སོགས་སྡེ་བར་མངགས་ཏེ་བསླུ་ཐབས་བྱེད་བཞིན་པའི་གནས་ཚུལ་ཡང་འབྱོར་གྱི་འདུག་པར་བརྗོད་སོང་པ་བཅས།།

གནས་ཚུལ་འདིའི་སྐོར་གྱི་བརྙན་ཐུང་ཞིག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།