choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གཏེར་ཁ་སྔོན་འགོག་ཆེད་དུ་ཞི་རྒོལ་བྱེད་ཀྱིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ཟླ་༠༦ཚེས་༠༡ཉིན་སྤེལ། མདོ་སྨད་ཨ་མཆོག་ཡུལ་ཚོའི་ཡུལ་མི་༣༠༠ཙམ་གྱིས་བླ་རི་གཏེར་ཁ་སྔོན་འགོག་ཆེད་འཕྲེལ་དར་འཕྱར་ནས་ས་གནས་རྒྱ་ནག་སྲིད་གཞུང་ལ་ཞི་རྒོལ་བྱས་ཡོད་འདུག

 altདེ་ཡང་འདི་གར་གནས་ཚུལ་འབྱོར་བར་གཞིགས་ན།
རྒྱ་གཞུང་གིས་འདས་པའི་ལོ་ངོ་༡༦རིང་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་གཉན་ཆེན་གོང་སྔོན་བླ་རིར་གཏེར་ཁ་སྔོག་འདོན་དང་གཏེར་ཁ་སྔོག་མཁན་གྱི་ལས་མི་ཧ་ཅང་མང་པོས་ས་སྔོག་འཕྲུལ་ཆས་མང་པོ་ཡུལ་དངོས་སུ་བཏང་ནས། ས་རྐོ་རྡོ་སློག་མུ་མཐུད་དུ་བྱེད་བཞིན་ཡོད་སྟབས། ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་དང་རི་ཆུ་སྤང་གསུམ་བཙོག་པ་ཆགས་ཀྱིན་པས་ན། བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་ཚོས་གོང་སྔོན་བླ་རིར་གཏེར

alt་ཁ་སྔོན་འགོག་ཅེས་པའི་འཕྲེད་དར་འཕྱར་སྟེ། ཡུལ་དངོས་སུ་ཞི་བའི་ངོ་རྒོལ་བྱས་འདུག

བརྒྱུད་ལམ་སྐད་འཕྲིན་སོགས་སུ་འཁྱར་བའི་བརྙན་ཐུང་ལས་ཡུལ་དངོས་སུ་རྒྱ་གཞུང་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་གིས་འཛིན་བཟུང་དང་བཙན་གནོན་བྱེད་པར་གྲ་སྒྲིག་བྱེད་ཀྱིན་འདུག

རྒྱ་གར་གནས་སྡོད་གནས་ཚུལ་བྱུང་ཡུལ་མི་སྣ་ཞིག་གིས་གསུང་དོན། ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་ཨ་མཆོག་ནས་གཏེར་ཁ་བརྐོས་ནས་ལོ་༡༦ ཙམ་འགྲོ་བཞིན་ཡོད། ཁ་སང་ཉིན་གུང་ནས་འགོ་ཚུགས་ཏེ་ས་རུབ་རག་བར་དུ་ཡུལ་མི་༣༠༠ཙམ་གྱིས་ཞི་བའི་ངོ་རྒོལ་བྱས་ཤིང་། དེ་ལས་ཀྱང་ནང་ཁུལ་ལ་དཀའ་ངལ་རབ་དང་རིམ་པ་འཕྲད་ཡོད། ད་ལྟ་གོང་སྔོན་བླ་རིའི་གཡོན་ཟུར་གྱི་འདབས་ནས་གཏེར་ཁ་གསར་དུ་སྔོག་པར་བརྩམས་པ་ལ་ཞི་བའི་རྒོལ་བ་བརྩམས་པ་ཞིག་དང་།

གཞན་ཡང་དེ་རིང་ཕྱི་ཚེས་༠༡ནས་དྲ་རྒྱའི་བརྒྱུད་ལམ་བཅད་མི་འདུག་མོད། ཁོར་ཡུག་ལ་ལྟ་རྟོག་དང་དམ་དྲག་ཅུང་ཆེ་བ་འདྲ། གནས་ཚུལ་བརྒྱུད་སྤྲོད་བྱེད་མཁན་ཉུང་དུ་ཕྱིན་ཡོད་པའི་སྐོར་ནས་འགྲེལ་བརྗོད་གནང་སོང་བ་བཅས།།

གོང་འཁོལ་གནས་ཆུལ་སྐོར་གྱི་ཡུལ་དངོས་བརྙན་ཐུང་དྲ་འབྲེལ་བྱས་ཡོད།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།