choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གྲྭ་བ་ཞིག་ཉེས་མེད་བཙན་འཁྲིད་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༥།༡༨ཉིན་སྤེལ། དཀར་མཛེས་ཁུལ་རྟའུ་རྫོང་ཉ་མཚོ་དགོན་པའི་ནང་བསྟན་གཙུག་ལག་སློབ་གྲྭའི་གྲྭ་བྱམས་པ་དགེ་ལེགས་ལགས་ཉེས་མེད་བཙན་འཁྲིད་བྱས་ཡོད་འདུག

altའདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་དོན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོ་སྟེ། བོད་ནང་གི་ཆུ་ཚོད་ ༨།༢༤ ཡས་མས་སུ། རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་གླིང་གའི་འགྲམ་ན་འགྲོ་བཞིན་པའི་སྐབས་སུ། གློ་བུར་དུ་རྒྱ་ནག་གཞུང་ཉེན་རྟོག་པས་རྒྱུ་མཚན་སོགས་ཅི་ཡང་གསལ་བཤད་མ་བྱས་པར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

འབྲེལ་ཡོད་གནས་ཚུལ་ཡུལ་དངོས་ནས་ཤེས་གསལ་ལྟར་ན། མཚན་མོར་ཉེན་རྟོག་པས་གྲྭ་བྱམས་པ་དགེ་ལེགས་དར་རྩེ་མདོའི་བཙོན་ཁང་དུ་འཁྲིད་ནས་བཀག་ཉར་བྱས་ཡོད་པ་དང་། མཚན་བོད་ནང་ཆུ་ཚོད་༡༠ཙམ་ལ། ཉེན་རྟོགས་པ་ཕོན་ཆེན་པོས་གྲྭ་བྱམས་པ་དགེ་ལེགས་ཀྱི་གྲྭ་ཤག་ནང་དུ་འཛུལ་ནས་བསྔོག་བཤེར་ཡང་བྱས་ཡོད་འདུག   

འཛིན་བཟུང་བྱས་པའི་གནས་ཚུལ་ལ་བོད་ནང་བཤད་སྟངས་ལ་གཞིར་བཞག་ན། གྲྭ་བྱམས་པ་དགེ་ལེགས་ཀྱི་གྲྭ་ཤག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་པའི་པར་ཆེན་ཞིག་ཡོད་པ་དེའི་མདུན་ནས་རང་གིས་པར་བརྒྱབས་པའི་རྒྱབ་ལོག་བོད་ཀྱི་རྒྱལ་དར་བསྒྲེངས་པའི་པར་བརྙན་དེ་ཐེབས་པས་གནད་འགག་གཅིག་དང་།  ཡང་ཁོང་གིས་དེའི་སྔོན་ལ་ངས་བོད་བསྟན་སྲིད་ཀྱི་ཆེད་དུ་ལུས་མཆོད་མེའི་ཚུལ་དུ་མེར་བསྲེག་གིན་ཡིན་ལབ་པས་ནང་མིས་བཀག་འགོག་བྱས་འདུག་པས་དེའི་རྐྱེན་གྱི་འཛིན་བཟུང་བཀག་ཉར་བྱས་འདུག་པ།

གཞན་ཡང་། གྲྭ་བྱམས་པ་དགེ་ལེགས་ནི་ལོ་ཉི་ཤུ་རྩ་གསུམ་དང་།    རྟའུ་རྫོང་མ་ཟུར་ཤང་རྫི་ཡ་གྲོང་པ་ནས་ཡིན་འདུག      ཕ་ཚེ་རིང་དང་། མ་སྒྲོན་ལས་གཉིས་ཀྱི་བུ་གཉིས་དང་བུ་མོ་གཅིག་བཅས་གསུམ་ཡོད་པའི་ནང་ནས་བུ་ཆེ་ཤོས་དང་།     ཁོང་ནི་རྒྱུན་དུ་བོད་ཀྱི་སྐད་ཡིག་ལ་དོན་གཉེར་ཆེ་ཞིང་ལ་རྒྱ་ཅན་གྱི་གྲྭ་སྡོམ་གཙང་ཞིང་གཞན་ཕན་ཅན་གྱི་ཉམས་ཆུང་གྲྭ་རྐྱང་ཞིག་ཡིན་པར་ཁོང་གི་སློབ་གྲོགས་ཀུན་གྱིས་ཞལ་མཐུན་པར་སྨྲ།   ཁོང་ཆུང་དུས་ནས་མདོ་ཁམས་རྟའུ་ཉི་མཚོ་དགོན་དུ་ཞུགས་ནས་ལོ་བཅུ་ཕྲག་རིང་ལ་སུམ་རྟགས་དག་གསུམ་དང་མཚན་ཉིད་སོགས་ལ་ཚུལ་བཞིན་དུ་འབད་བརྩོན་བྱས་མཁན་གྱིས་གྲྭ་རྐྱང་ཞིག་ཀྱང་ཡིན། ཉི་མཚོ་དགོན་གྱི་སློབ་གྲྭར་གུང་སེང་གཏོང་སྐབས་རང་མོས་ནས་ལྷག་བསམ་སྙིང་སྟོབས་ཀྱིས་མ་འོངས་སོན་རྩའི་གཅེས་ཕྲུག་ཚོར་བོད་ཀྱི་སྲོལ་རྒྱུན་དང་སྐད་ཡིག་སོགས་བསླབས་ཀྱི་ཡོད་པར་རེད་འདུག  ད་ལྟའི་ཆར་གནས་ཚུལ་དེ་ཙམ་རེད།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།