choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མཚོ་སྔོན་པོ་གད་སྙིགས་སུ་ཆགས་ཀྱིན་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༥།༡༧ཉིན་སྤེལ། དང་བླངས་ཀྱིས་མཚོ་སྲུང་དང་གསེར་ཉྭ་སྲུང་སྐྱོབ་ཀྱི་བྱ་བཞག་སྤེལ་ནས་ལོ་བཅུ་ཕྲག་ལྷག་འགྲོ་བཞིན་འདུག

altའདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལ་གཞིགས་ན། མཚོ་སྔོན་པོའི་མཐའ་སྐོར་གྱི་བོད་མི་རྣམས་ཀྱིས་མཚོ་དང་གསེར་ཉ་སོགས་སྲུང་སྐྱོབ་བྱེད་པར་དང་བླངས་ཀྱིས་ལས་ཀ་བྱེད་ཀྱིན་པ་མ་ཟད། ཁོ་ཚོར་དམིགས་གཅིག་ཡོད་པ་ནི། རང་ཉིད་ཀྱི་ཕ་ས་བདག་སྐྱོང་བྱས་ཏེ། དུས་རབས་ཉེར་གཅིག་པའི་ནང་དུ། མི་རིགས་གཞན་དང་ཚོང་ལས་དཔལ་འབྱོར་གྱི་ཤུགས་རྐྱེན་གྱིས་གཏོར་བརླག་ཚབ་ཆེན་ཐེབས་ཀྱི་ཡོད་པས་ན། མ་འོངས་པའི་མི་རབས་རྗེས་མའི་འཚོ་བརྟེན་གྱི་ཆེད་དུ། དམིགས་གསལ་བརྙན་ཐུང་བཟོས་ཏེ་མི་མང་དང་ལྟ་སྐོར་བར་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པར་འབོད་སྐུལ་བྱས་འདུག

 དུས་རབས་ཀྱི་དངོས་པོའི་དཔལ་ཡོན་འཕེལ་བའི་འགྱུར་བ་དང་བསྟུན་ དེ། ས་གཞི་ཆེན་མོའི་ཕྱོགས་ཡོངས་སུ་ཟུང་ཤུགས་ཟད་པའི་མདོག་ཅིག་སླེབས་ཀྱིན་ཡོད་པ་ འདི་ཡིས། མིའི་རིགས་ཀྱིས་རང་ཉིད་ཀྱི་འདོད་འདུན་དང་ཧམ་པ་གཅིག་པུའི་གཡོགས་སུ་རྒྱུགས་ ཏེ་བཟོས་པ་ཞིག་ཡིན་པ་དང་། མདོ་སྨད་ཀྱི་ཕྱོགས་སུ་ཆེས་ཆེ་བའི་མཚོ་སྔོན་པོའི་མཐའ་འཁོར་དུ། ཡུལ་སྐོར་བ་ལོ་རེ་བཞིན་མང་རུ་འགྲོ་བཞིན་པ་དང་། ལྷག་པར་དུ་ན་ནིང་ལུག་གི་ལོར་མཚོ་སྔོན་པོའི་གནས་སྐོར་ལ་འཁེལ་ཡོད་པས་ན། བོད་རྒྱ་སོགས་གསུམ་གྱིས་གནས་སྐོར་བྱེད་པའི་ཚང་ཁ་ཧ་ཅང་ཆེ་བ་མ་ཟད། མཚོ་མཐའ་རུ་ཚོང་ལས་པའི་རིགས་ཀྱང་ཧ་ཅང་མང་ལ། ད་དུང་རྒྱའི་ཉྭ་བ་རྣམས་ཀྱིས་མཚོ་སྔོན་པོའི་གསེར་ཉྭ་འཛིན་ཆེད་མཚོ་འོག་ཏུ་ བཞག་པའི་ཉྭ་རྒྱ་ཧ་ཅང་མང་པོ་ཞིག མཚོ་སྲུང་དང་བླངས་པས་དགུན་གྱི་དར་ཆགས་པའི་གོ་སྐབས་དང་བསྟུན་དེ་ཕྱི་རུ་བཏོན་ འདུག་པ་མ་ཟད། ཉྭ་རྒྱ་དེས་ཉྭ་ཧ་ཅང་གིས་མང་པོ་ཤི་ཡོད་འདུག

altསྐབས་འདི་གཙོས་ལོ་བཅུ་ཕྲག་གཅིག་ལ་དང་བླངས་ཀྱིས་མཚོ་སྲུང་དང་ཁོར་ཡུག་སྲུང་སྐྱོབས་བྱས་པའི་བོད་ཀྱི་ན་གཞོན་ཁ་ཤས་ཀྱིས། གད་སྙིགས་བསྡུ་རུབ་དང་། མཚོ་སྔོན་པོའི་གསེར་ཉྭ་འཛིན་མཁན་བཀག་འགོག མཚོ་སྔོན་པོའི་ཕྱོགས་ཐམས་ཅད་དུ་ཆེས་གནོད་སྐྱོན་ཐེབས་པའི་སྐོར་གྱི་བརྙན་ཐུང་ཞིག་བཟོས་ཏེ། རྒྱ་ཆེའི་མི་མང་གིས་མཚོ་སྔོན་པོའི་ཁོར་ཡུག་ལ་དོ་ཕོག་ཅི་འདྲ་ཞིག་ཤོར་ཡོད་མེད་དང་། དེ་ཡིས་ཁོ་ར་ཁོར་ཡུག་ཀུན་གནོད་སྐྱོན་ཅི་ཞིག་མཆིས་ཀྱིན་པའི་སྐོར་གསལ་སྟོན་ཕྱོགས་བསྒྲིགས་བྱས་འདུག

ས་གནས་འབྲེལ་ཡོད་ཀྱིས་གསུང་དོན།  ང་ཚོས་གློག་བརྙན་འདིའི་ནང་དུ། མཚོ་སྔོན་པོའི་ས་གནས་རང་གི་མི་སྣ་ཁ་ཤས་སུ་སྲུང་སྐྱོབས་ཇི་ལྟར་བྱེད་དགོས་པ། དཀའ་ངལ་ག་རེ་ཡོད་པའི་སྐོར་གྱི་བཅར་འདྲི་བྱས་ཡོད་པ་དང་། གཙང་སྦྲ་བྱེད་ཀྱིན་པའི་རྣམ་པ་བཅས་གསལ་སྟོན་དང་།

altགཞན་ཡང་མཚོ་སྔོན་པོ་མཚོ་སྲུང་དང་བླངས་བ་ནི་སྤྱི་ལོ་༢༠༠༥ལོར་ཨ་ཁུ་དཀར་པོ་རྒྱང་གྲགས་ལགས་ཀྱིས་དབུ་ཁྲིད་དེ། ད་ལྟའི་བར་དུ་མི་ལོ་བཅུ་གཅིག་ལྷག་གི་རིང་ལ་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་དང་ཁོར་ཡུག་གཙང་སྤྲའི་ཐད་ལ་ལོ་རེ་རེར་བྱ་བ་རབ་དང་རིམ་པ་མང་པོ་བསྒྲུབ་མྱོང་ཞེས་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་བརྙན་ཐུང་ལ་གཟིགས་རོགས།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།