choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ནཊ་རི་མེར་ཤོར་ཀྱང་རྒྱ་ནག་སྲིད་གཞུང་གིས་ཁ་ཡ་བྱེད་ཀྱི་མེད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༥།༡༣ཉིན་སྤེལ། ཟི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་འདན་མ་གྲོང་རྡལ་གོ་བ་ཡུལ་ཚོའི་ལུང་པར་ཉིན་མཚན་དྲུག་རིང་ཆད་མེད་མེ་འབར་བཞིན་ཡོད་ན་ཡང་རྒྱ་ནག་གཞུང་གིས་ཁ་ཡ་བྱེད་ཀྱི་མེད་པ་རེད་འདུག

དེ་ཡང་ཟླ་འདིའི་ཚེས་༡༢ཉིན་གྱི་མཚན་མོར་བོད་ནང་གི་གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་དོན།  ཕྱི་ལོ་༢༠༡༦ལོའི་ཟླ༥ཚེས་༡༠རེས་གཟའ་མིག་དམར་སྔ་དྲོ། ཟི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་འདན་མ་གྲོང་རྡལ་གོ་བ་ཡུལ་ཚོའི་ལུང་པ་ཞིག་ཏུ་ནགས་རི་མེར་ཤོར་ཡོད་ཅིང་ད་བར་དུ་ཉིན་མཚན་དྲུག་ལ་ཆད་མེད་མེ་འབར་བཞིན་ཡོད་པ་དང་། གོ་བ་སྡེ་བའི་ཡུལ་མི་ཚོས་སྟོབས་ཤུགས་ཡོད་རྒུ་བཏོན་ཀྱང་མེ་འབར་སྟོབས་ཆེ་སྟབས་བསད་ཐུབ་ཀྱིན་མེད་ཅིང་ཅི་བྱར་གཏོལ་མེད་གྱུར་འདུགalt

རྒྱ་ནག་གཞུང་གིས་ནགས་རིའི་ལུང་ཁུངས་ཚང་དང་། ཉེན་རྟོག་པ་རྣམས་ནི་མི་རེ་རེ་ཉིས་རེ་བལྟ་སྐོར་ཙམ་མ་གཏོགས་ཡོང་གི་མེད་ལ། མེ་གསོད་ཀྱི་བྱ་བ་གང་ཡང་བྱེད་ཀྱིན་མེད་པ་མ་ཟད་རྒྱང་ནས་ལྟད་མོ་བལྟས་ནས་བསྡད་ཅིང་ད་དུང་གོང་རིམ་ལ་ཡར་ཞུ་ཙམ་ཡང་བྱེད་ཀྱིན་མེད་པ་ལྷོད་ཆགས་སེ་བསྡད་འདུག

འདན་གོ་བ་སྡེ་བའི་ཡུལ་མི་ཚོས་ནི། ཉིན་ཁར་མཚན་བཞག་ནས་མེ་གསོད་ཨེ་ཐུབ་ཀྱིས་འབད་འབུངས་བྱེད་ཀྱིན་ཡོད་ཀྱང་དཀའ་ངལ་ཧ་ཅང་འཕྲད་ན་ཡང་ད་རུང་ཚེས་༡༠ཉིན་སྤྱིར་དབྱར་རྩ་རྐོ་བའི་ཉིན་འགོ་མ་དེ་ཆགས་ཡོད་ཀྱང་ད་དུང་ཡུལ་མི་ཚོས་དབྱར་རྩྭ་རྐོ་ལོང་གཏན་ནས་བྱུང་མེད་ཅིང་མུ་མཐུད་ཀྱི་ཉི་མ་འགར་རྐོ་བའི་ཁོམ་ལོང་མེད་པར་གཏན་ཁེལ་གྱི་འདུག་ཅེས་འཁོད་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།